མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

2011ལོའི་ཀན་ལྷོའི་ཐོན་རྫས་གྲགས་ཅན་ཁྲོད་དུ་རྨ་རྫོང་གི་ཁེ་ལས་གསུམ་ཚུད་ཡོད་པ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-24 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2011ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས《ཀན་ལྷོ་ཁུལ་བཟོ་ལས་ཁེ་ལས་ཐོན་རྫས་གྲགས་ཅན་དཔྱད་བཤེར་བྱེད་པའི་དོ་དམ་བྱ་ཐབས》ཀྱི་གཏན་འཁེལ་གཞིར་བཟུང་ནས་གསལ་འདེམས་ནན་མོ་དང་བྱ་རིམ་ནན་ཏན་གྱི་ཡར་ཞུ་བྱ་བ་བརྒྱུད་ཀན་ལྷོ་ཁུལ་དཔལ་འབྱོར་ཆ་འཕྲིན་ཨུ་རུ་རྨ་ཆུ་རྫོང་གི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་ཚོང་རྟགས་གྲགས་ཅན4ཡར་ཞུ་བྱས།

ཉེ་ལམ། ཁུལ་འབྲེལ་ཡོད་སྡེ་ཁག་གི་མངག་བཀོད་ལྟར་ཀན་ལྷོ་ཁུལ་བཟོ་ལས་ཐོན་རྫས་མིང་གྲགས་ཅན་གྱི་དཔྱད་ཞིབ་ཚོགས་པས་དཔྱད་ཞིབ་བྱས་པ་མ་ཟད་འབྱམས་སྒྲོག་བྱས་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གྱི་རྨང་གཞིའི་སྟེང་དུ་ཁུལ་ཡོངས་ཀྱི་ཁེལ་ལས9ཡིས་ཐོན་སྐྱེད་བྱས་པའི་ཚོང་རྟགས་གྲགས་ཅན་གྱི་ཐོན་རྫས10པོ2011ལོའི་ཀན་རྫས་ཚོང་རྟགས་ཅན་གྱི་གྲས་སུ་བཀོད། དེའི་ཁྲོད་དུ་རྨ་ཆུ་རྫོང་གི་ཀན་སུའུ་ཐེན་མཱ་སྐྱེད་ཁམས་བཟའ་བཅའ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཐེན་མཱ་རྟགས་ཅན་གྱི་ཤ་སྐམ་དང་། རྨ་ཆུ་རྫོང་གངས་འབྱུང་ཤ་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཉི་མའི་འཚོ་བ་རྟགས་ཅན་གྱི་སྐམ་ཤ་ཐོན་རྫས། རྨ་ཆུ་རྫོང་རྨ་ཁུགས་སྨན་འབྱུང་གསར་སྤེལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་བེ་རེ་ཡ་རྟགས་མའི་ཤམ་བྷ་ལ་སྤྱིན་ཤོག་སྨན་མཆོག་བཅས་གསུམ་ཀ་ལོ་རིམ་ཐོན་རྫས་གྲགས་ཅན་གྱི་གྲས་སུ་གཏོགས་ཡོད། །