མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་ཞིང་གསུམ་གནད་དོན་ཞིབ་འཇུག་ཚོགས་པས་རྨ་ཆུ་རྫོང་གི་ཁྱད་ལྡན་དཔལ་འབྱོར་ཐོན་ལས་ཅ་དུ་སྤེལ་བའི་གནས་ཚུལ་ལ་རྟོག་དཔྱོད་བྱས།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-24 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་གསུམ་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་འབྲོག་སྡེ་གསར་བའི་འཛུགས་སྐྲུན་ལས་ནུབ་ ཕྱོགས་དཔྱད་གཞི་ཁང་གི་ཀྲུའུ་རིན་ནམ་ཞིབ་འཇུག་པ་དང་ཀན་སུའུ་ཞིང་ཆེན་ཞིང་གསུམ་གནད་དོན་ཞིབ་འཇུག་ལས་གཉེར་བ་ཀྲང་ཧོ་པོ་འཁོར་དང་བཅས་པ་རྨ་ཆུའི་ཁྱད་ལྡན་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་རྟོག་དཔྱོད་བྱེད་པར་འབྱོར།

རྟོག་དཔྱོད་ཚོགས་པ་དེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལུའུ་ཡིས་དང་རྫོང་ཨུའི་རྒྱུན་ཨུའམ་རྒྱུན་ཨུའི་རྫོང་དཔོན་གཞོན་པ་རཱན་མེན་ཤང་གཉིས་ཀྱི་འགྲོ་རོག་ས་འོག་ཏུ་དངུལ་རྭ་ཤང་དངུལ་རྭའི་ལུག་རྒྱུད་སྤེལ་སྒོ་སྤེལ་ལྟེ་གནས་ཆེད་ལས་མཉམ་འབྲེལ་ཁང་དུ་སོང་ནས་རྟོག་དཔྱོད་ནན་མོ་བྱས་པ་དང་། ལྟེ་གནས་ཀྱི་དྲོད་ཁང་དང་ཁབ་ རྒྱག་ས།ཕྱུགས་སྨན་ཁང་།རྒྱུད་བཟང་གསོ་སྤེལ་རྭ་བ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་བལྟ་སྐོར་བྱས། ཚོགས་པས་ད་དུང་མཉམ་ལས་ཁང་བཙུགས་པའི་རྒྱུ་རྐྱེན་གཙོ་བོ་དང་དོ་དམ་གནས་ཚུལ། རྒྱུ་སྤུས་བདེ་འཇགས།གསར་སྤེལ་གནས་ཚུལཚདཔལ་འབྱོར་ཕན་ཁེ། འཕེལ་རྒྱས་ནུས་པ་བཅས་ཀྱི་ཁྲོད་དུ་གནས་པའི་དཀའ་ཁག་དང་གནད་དོན་ སོགས་ཟིན་ཐོར་གསལ་བོར་བཀོད།གཞན་རྨ་ཆུ་རྫོང་སྨན་འབྱུང་གསར་སྤེལ་ཀུང་སི་དང་གངས་ལྗོངས་ཤ་ལས་ཚད་ཡོད་ཀུང་སི་གཉིས་སུའང་རྟོག་དཔྱོད་གསལ་པོ་བྱས། རྟོག་དཔྱོད་རྗེས་སུ་རྫོང་ཚན་ཁག་ཆེ་བཞིའི་འགོ་ཁྲིད་གཙོ་བོ་དག་ཞུགས་ པའི་དཔྱད་སྡུར་ཚོགས་འདུ་བསྡུས་པ་དང་རང་རང་ས་ནས་རྨ་ཆུའི་ཁྱད་ལྡན་དཔལ་འབྱོར་དང་ཐོན་ལས་ཁྲོད་དུ་གནས་པའི་གནད་དོན་ཐད་བསམ་འཆར་གང་ལེགས་བཏོན། རྟོག་དཔྱོད་ཚོགས་པས་སྙན་ཞུ་ལ་ཉན་རྗེས་རྫོང་གི་ཁྱད་གཅིག་རྣམ་བཞིའི་ཞིང་ཕྱུགས་གསབ་རེས་ཀྱི་ཐབས་ཇུས་ལག་བསྟར་ལ་གདེངས་འཇོག་ཆེན་པོ་བྱས་པ་པ་དང་མཉམ་དུ་རྨ་ཆུའི་ཕྱུགས་ལས་ཁྱད་ལྡན་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ གཏོང་བར་ཕྱོགས་གསུམ་ནས་ཁྲིད་སྟོན་རང་བཞིན་གྱི་བསམ་འཆར་གཉིས་བཏོན། གཅིག་ནི་ཐོན་ལས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།གཉིས་ནི་ཚོང་རྟགས་གྲགས་ཅན་གྱི་ཕྱུགས་ལས་ལས་རིགས་དར་སྤེལ་གཏོང་བ་བཅས་ ཕྱོགས་གཉིས་ནས་རེ་བ་དང་བླང་བྱ་བཏོན། །