མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

བསང་ཆུ་རྫོང་གི་ཤང་གྲོང8ལ་ཆུ་ལོག་གིས་གནོད་པ་ཆེན་པོ་ཐེབས་ཤིང་མི3ཤི་བ་དང་མི2གར་སོང་ཆ་མེད་དུ་གྱུར་ལ་ཐད་ཀར་དཔལ་འབྱོར་གྱོང་གུན་སྒོར་ཁྲི2800ལ་བསླེབས་པ།

རྩོམ་པ་པོ། རིན་ཆེན་སྐྱིད།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ལས་ཁུངས།  2012-05-24 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས20ཉིན་གྱི་དགོང་མོ་དུས་ཚོད8:30ཡས་མས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་མངའ་ཁོངས་སུ་དྲག་ཆར་ཆེན་པོ་བབས་ནས་འདམ་ཟེགས་འདྲེས་མའི་ཆུ་ལོག་བཞུར་ཏེ། བསང་ཆུ་རྫོང་གི་ཤང་གྲོང8ལ་གྱོང་གུན་ཆེན་པོ་ཐེབས། ཐེངས་འདིའི་དྲག་ཆར་བབས་པ་ལས་འདམ་ཟེགས་འདྲེས་མའི་ཆུ་ལོག་བཞུར་ཏེ་བསང་ཆུ་རྫོང་གི་ཙ་ཡུ་ཤང་དང་མདའ་མེད་ཤང་། བང་དཀར་ཐང་གྲོང་བརྡལ་སོགས་ཤང་གྲོང8ལ་གནོད་པ་ཐེབས་ཏེ། མི3ཤི་བ་དང་མི2གར་སོང་ཆ་མེད་དུ་གྱུར་ལ། ཞིང་ལས་ལོ་ཏོག་ས་མུའུ1843ལ་གནོད་པ་ཐེབས་པ་དང་རིགས་སོ་སོའི་ཕྱུགས་ཟོག316ཤི མདའ་མེད་ཤང་གི་མངའ་ཁོངས་སུ་བརྒྱུད་པའི་ཞིང་ཆེན་རིམ་པའི་གཞུང་ལམ312པར་གནོད་སྐྱོན་ཐེབས་པ་དང་རང་བྱུང་སྡེ་བ་ལྔའི་སྡེ་བའི་གཞུང་ལམ་ཆུས་ཁུར་བ་དང་སྡོད་ཁང་ཁ་ཤས་འདམ་ཟེགས་འདྲེས་མའི་ཆུ་ལོག་གིས་བསྣུབས། ཚེས23ཉིན་གྱི་བར་དུ། ཤང་གྲོང8ལ་གནོད་པ་བཟོས་པའི་ཐད་ཀར་གྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི2800ལ་བསླེབས་ཡོད། མིག་སྔར། རོགས་སྐྱོར་བྱ་བ་དང་གནོད་ཐེབས་གནས་ཚུལ་ཕྱོགས་བསྡོམས་ཞིབ་མོ་བྱེད་པའི་བྱ་བ་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  །