མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཅོ་ནེ་རྫོང་གི་ཀྲུང་དབྱི་སྨན་རྫས་མུའུ་ཁྲི1.8ལ་སྤྱི་བའི་གནོད་སྐྱོན་མེད་པའི་ཐོན་ཡུལ་དུ་བདེན་དཔང་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན།  2012-05-23 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་ཀྲུང་དབྱི་སྨན་རྫས་མུའུ་ཁྲི1.8ལ་སྤྱི་བའི་གནོད་སྐྱོན་མེད་པའི་ཐོན་ཡུལ་དུ་བདེན་དཔང་བྱས་ཤིང་། རིགས་སྣ་ལ་ལྕ་བ་དང་སྲད་དཀར་སོགས་འདུས་ཡོད། མ་རུ་དང་ལུའོ་ལིན། གནའ་ལུང་། གཙང་པ་བ། ཐའོ་ཡན། མཁར་ཆེན། བྲག་ཁུང་ལུང་སོགས་ཤང་གྲོང་བདུན་གྱི་སྲིད་འཛིན་སྡེ་བ51གི་ཀྲུང་དབྱི་སྨན་རྫས་ཀྱི་ཐོན་ཡུལ་དེ་ཀན་སུའུ་ཞིང་ཆེན་གྱི་སྤྱི་བའི་གནོད་སྐྱོན་མེད་པའི་ཀྲུང་དབྱི་སྨན་རྫས་ཐོན་ཡུལ་དུ་བདེན་དཔང་བྱས་ཤིང་། འདི་ནི་ཅོ་ནེ་རྫོང་གི་ཀྲུང་དབྱི་སྨན་རྫས་ཐོན ལས་ཀྱི་ཚད་གཏོར་ཆེན་པོ་ཞིག་ཡིན།

ད་ལོ་ནས་བཟུང་། ཅོ་ནེ་རྫོང་གིས་ཧུར་བརྩོན་སྒོས་ཁུལ་ཨུའི་སྣ་མང་གིས་ཁུལ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་དོན་འཁྱོལ་བྱས་པ་མ་ཟད། གཞི་ས་འཕེལ་རྒྱས་དང་གཞི་ཁྱོན་རྒྱ་བསྐྱེད། ལས་གཞིས་སྣེ་ཁྲིད་པ། ཐོན་ལས་ཀྱིས་དམངས་ཕྱུག་པོར་གཏོང་བའི་རིག་ལམ་གཞིར་བཟུང་ནས། གང་ལེགས་སྒོས་བབ་བཟང་ས་ཁོངས་བེད་སྤྱད་དེ་སྨན་རྫས་ཀྱི་གཞི་ས་བཙུགས་ཤིང་། འཇིབ་རྩི་སྨུག་པོ་དང་ཨ་བི་ཁ། བོད་སྤོས་སོགས་སྨན་རྫས་འདེབས་གསོ་དང་ནང་འདྲེན་བྱས་ནས་འདེབས་འཛུགས་གཞི་ས་མུའུ་ཁྲི3དུ་འཕེལ་རྒྱས་བཏང་། 2011ལོ་ཧྲིལ་བོར་ཐོན་སྐྱེད་རིན་ཐང་སྒོར་ཁྲི600ཡོད་པ་དང་ཁེ་སྤོགས་སྒོར་ཁྲི290བླངས། དཔལ་འབྱོར་དང་སྐྱེ་ཁམས་ཕན་ནུས་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཞིང། རོང་འབྲོག་མང་ཚོགས་ཀྱང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་འགྲོ་འགོ་བརྩམས་ཡོད།  །