མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཕྱོགས་སྟོན་འབྲི་འོ་ལས་རིགས་ཀྱིས་མ་དངུལ་བཏང་ནས་འབྲི་འོའི་ཐོན་རྫས་ཀྱི་བླ་བྲང་ཐོན་སྐྱེད་རྟེན་གཞི་བཙུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-05-22 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་ལོ་རེར་འབྲི་འོ་ཏུན་ཁྲི12ལས་སྣོན་བྱེད་པའི་འོ་རྫས་ཐོན་སྐྱེད་རྟེན་གཞི་དེ་ཀན་སུའུ་ཞིང་ཆེན་ཀན་ནན་བོད་རིགས་རང་སྐྱོང་ཁུལ་བླ་བྲང་རྫོང་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད།

རྣམ་གྲངས་འདི་ནི་ཀན་སུའུ་ཕྱོགས་སྟོན་འབྲི་འོ་ལས་རིགས་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པ་ཞིག་ཡིན། ཀུང་སི་འདིའི་སྤྱི་གཉེར་བ་ཀྲང་ཞན་ཅིན་གྱིས་མཚམས་སྤྱོར་བྱས་པ་ལྟར་ན། རྣམ་གྲངས་འདིར་ཆེས་སྔོན་ཐོན་གྱི་ནང་འདྲེན་ཐོན་སྐྱེད་དང་ཞིབ་བཤེར་སྒྲིག་ཆས་བཀོལ་བ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.1གཏོང་རྒྱུ་ཡིན་པ་རེད།ས་ངོས་ཀྱི་རྒྱ་ཁྱོན་ལ་མུའུ220དང་།འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.9བཅས་ཡོད།འཛུགས་སྐྲུན་རྗེས་སུ་འོ་མའི་མཁོ་འདོན་ཚད་ནི་ཉིན་རེར་ཏུན400ཡིན་ཟེར།

རྣམ་གྲངས་འདི་ནི་སྔོན་དཔག་བྱས་པ་ལྟར་ན1013ལོའི་ཟླ7པར་ཐོན་སྐྱེད་བྱེད་འགོ་རྩོམ་རྒྱུ་ཡིན་པ་དང་།སྐབས་དེར་ཀུང་སིའི་ལོའི་བྲིན་ཚོང་གི་ཡོང་འབབ་ནི་སྒོར་དུང་ཕྱུར18ལ་སླེབས་རྒྱུ་ཡིན་པ་དང་།ལོའི་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར2.2ལ་སླེབས་རྒྱུ་ཡིན་པ་རེད།དེ་དང་ཆབས་ཅིག་ཀན་ནན་ས་ཁུལ་དུ་ལས་ཞུགས་གོ་སྐབས་སྤྲོད་ངེས་ཡིན་ལ་ས་གནས་རང་གི་ཕྱུགས་རིགས་གསོ་སྤེལ་ལས་རིགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འབྲོག་པ་རྣམས་ཀྱི་ཡོང་འབབ་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་གྱིས་ཐོན་སྐྱེད་བྱས་པའི་འབྲི་འོའི་ཐོན་རྫས་རྣམས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་འཚོང་བྱས་པ་མ་ཟད།ཕྱུར་བ་སོགས་ཐོན་རྫས་ཁ་ཤས་རྒྱལ་ཁབ་གཞན་པ་སྟེ་ཡོ་རོབ་གླིང་དུ་ཕྱིར་འཚོང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕན་འབྲས་བླ་མེད་བསྐྲུན་ཡོད་པ་རེད།  །