མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། འཛམ་གླིང་གི་ཆེས་ཆེ་བའི་འབྲི་མོའི་འོ་མའི་ཐོན་སྐྱེད་ལས་སྣོན་རྟེན་གཞི་ཀན་སུའུ་ཞོ་སྟོན་འབྲི་མོའི་འོ་ལས་མ་རྐང་ཚད་ཡོད་ཀུང་སིའི་འབྲི་མོའི་འོ་མའི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་དེ་བསང་ཆུ་རྫོང་ནས་འཛུགས་སྐྲུན་བྱེད་མགོ་བརྩམས།

འཛམ་གླིང་གི་ཆེས་ཆེ་བའི་འབྲི་མོའི་འོ་མའི་ཐོན་སྐྱེད་ལས་སྣོན་རྟེན་གཞི་དེ་ཀན་ལྷོ་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

  ཡོང་ཁུངས། ཀན་ལྷོ་ཁུལ་རླུང་འཕྲིན་ཁང་།  2012-05-22 09:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། འཛམ་གླིང་གི་ཆེས་ཆེ་བའི་འབྲི་མོའི་འོ་མའི་ཐོན་སྐྱེད་ལས་སྣོན་རྟེན་གཞི་ཀན་སུའུ་ཞོ་སྟོན་འབྲི་མོའི་འོ་ལས་མ་རྐང་ཚད་ཡོད་ཀུང་སིའི་འབྲི་མོའི་འོ་མའི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་དེ་བསང་ཆུ་རྫོང་ནས་འཛུགས་སྐྲུན་བྱེད་མགོ་བརྩམས། རྒྱུས་ལོན་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་གྱི་ཐུན་མོང་མིན་པའི་རང་བྱུང་ཁོར་ཡུག་དང་ཕྱུགས་རྒྱུད་བཟང་བོའི་ཐོན་ཁུངས་ཀྱིས་འབྲི་མོའི་འོ་ལས་གོང་འཕེལ་ལ་རྒྱུ་དངོས་ཀྱི་རྨང་གཞི་བརྟན་པོ་བཏིངས་ལ། དེའི་ནང་དུ་བཞོན་མ་གསོ་སྤེལ་གྱི་མིག་དཔེ་ཁུལ་དེ་གཙོས་དང་བསང་ཆུ་སོགས་རྫོང་དང་གྲོང་ཁྱེར་དྲུག་གི་ཞང་གྲོང་ཉེར་གསུམ་གྱི་སྲིད་འཛིན་སྡེ་བ་བརྒྱ་དང་སོ་བཞི་ལ་ཁེབས་ཡོད། ཀུན་སུའུ་ཞོ་སྟོན་འབྲི་མོའི་འོ་ལས་མ་རྐང་ཚད་ཡོད་ཀུང་སིའི་འབྲི་མོའི་འོ་མའི་ཐོན་སྐྱེད་བྱེད་སའི་འཛུགས་སྐྲུན་ལས་གཞི་ནི་ཀན་ལྷོ་ཁུལ་གྱིས་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བར་ལེགས་སྐྱེས་འབུལ་བའི་བཟོ་སྐྲུན་ཞིག་ཡིན་ལ། སྤྱིའི་མ་དངུལ་སྒོར་དུང་ཕྱུར གསུམ་དང་བྱེ་བ་གཅིག་གཏིང་རྒྱུ་ཡིན་ཞིང་། ལས་གཞི་འགྲུབ་རྗེས། ཉིན་རེར་འབྲི་མོའི་འོ་མ་ཏུན་བཞི་བརྒྱ་ལས་སྣོན་བྱེད་རྒྱུ་དང་། ལོ་ཧྲིལ་བོའི་ཕྱིར་འཚོང་མ་དངུལ་སྒོར་དུང་ཕྱུར་བཅོ་བརྒྱད་ལ་བསླེབ་པར་བྱས་ཤིང་། ཁྲལ་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བསྐྲུན་ཏེ། ཀན་ལྷོ་ཁུལ་དེ་འཛམ་གླིང་གི་ཆེས་ཆེ་བའི་འབྲི་མོའི་འོ་མ་ཐོན་སྐྱེད་ལས་སྣོན་བྱེད་སར་བསྒྱུར་རྒྱུ་རེད། །