མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཏུའུ་ཆིང་ལིན་གྱིས་ཀན་ལྷོ་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།

རྩོམ་པ་པོ། རིན་ཆེན་སྐྱིད་དང་བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  2012-05-19 09:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས15ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏུའུ་ཆིང་ལིན་ལ་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཨོའུ་དབྱང་ཅན་དང་ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཀན་སུའུ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚེ་དཔག་སྐྱབས། ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་པས་ཕེབས་རོགས་འོག་ཀན་ལྷོ་ཁུལ་གྱི་དགོན་པའི་དོ་དམ་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱེད་དུ་ཡོང་། ཏུའུ་ཆིང་ལོན་གྱིས། དགོན་པའི་དོ་དམ་བྱ་བར་ཤུགས་བསྣན་ཏེ། ཀན་ལྷོའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་འགྱུར་འབྱུང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཏུའུ་ཆིང་ལིན་འཁོར་དང་བཅས་པས་ཐོག་མར་བླ་བྲང་དགོན་པ་ནས་བརྟག་ཞིབ་བྱས་ཤིང་། འཇམ་དབྱངས་བློ་བཟང་འཇིག་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཕེབས་རོགས་བྱས་ཏེ་བླ་བྲང་དགོན་པའི་དོ་དམ་བྱ་བ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱ་བར་རྒྱུས་ལོན་བྱས། དེའི་རྗེས་སུ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་གྲྭ་བའི་འཐུས་མི་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏུའུ་ཆིང་ལིན་གྱིས་བཤད་རྒྱུར། ངས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀན་སུའུཞིང་ཆེན་ཏང་ཨུ། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མར་འཚམས་འདྲི་བྱེད་དུ་ཡོང་བ་ཡིན། ཁྱེད་རྣམས་ལ་མཛའ་བརྩེའི་འཚམས་འདྲི་དང་རྟེན་འབྲེལ་ཞུས། བླ་བྲང་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་ཡོད་པ་དང་ལྷག་པར་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུ་ལངས་ཕྱོགས་བརྟན་པོ་ཡོད་པ་དང་དར་ཆ་གསལ་ལ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར། ཕྱིན་ཆད་ཀྱི་བླ་བྲང་དགོན་པའི་བྱ་བར་ཏུའུ་ཆིང་ལིན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་དགོན་པའི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ། དགོན་པའི་དོ་དམ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས་ཤིང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། ཡང་དག་སྒོས་བོད་བརྒྱུད་ནང་གྱི་བསྟན་བཅོས་འགྲེལ་བཤད་བྱས་ནས། རྒྱལ་ཡོངས་བོད་ཁུལ་དགོན་པའི་འཆམ་ མཐུན་གཏན་འཇགས་ཀྱི་མིག་དཔེ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན། དེ་ནས་ཀན་ལྷོ་ཁུལ་གྱི་དགོན་པའི་དོ་དམ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དགོན་པའི་དོ་དམ་བྱ་བའི་ཡར་ཞུ་ལ་ཉན་རྠེས། ཏུའུ་ཆིང་ལིན་་གྱིས། བསམ་བློའི་སློབ་གསོ་གཏོང་རྒྱུ་རྨང་གཞི་བྱས་ཏེ་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ནས་འགོ་བཙུགས་ཏེ། དངོས་གནས་བསམ་བློའི་སློབ་གསོ་བྱ་བ་ཞིབ་ལས་བྱེད་དགོས་པ་དང་། བྱ་བ་གཙོ་བོ་དམ་འཛིན་བྱ་རྒྱུ་དེ་དགོན་པའི་དོ་དམ་བྱ་བའི་གནད་འགག་ཏུ་རྩིས་ནས་གནད་སའི་གནས་དང་མི་ཚོགས་གཙོ་བོ། ལྷག་པར་དུ་དགོན་པ་གཙོ་བོའི་བྱ་བར་ནན་ཏན་སྒོས་ཞིབ་བཤེར་དང་དུས་ཐོག་ཏུ་འགལ་བ་ཐག་གཅོད་དགོས་པ། གཞི་རིམ་གྱི་གནད་དོན་ཐག་གཅོད་རྒྱུ་དེ་དགོན་པའི་གཙོ་གནད་དུ་བཟུང་སྟེ་དངོས་གནས་རྒྱ་ཆེའི་གྲྭ་བཙུན་གྱི་དཀའ་ཁག་ཐག་གཅོད་དང་ཁོ་ཚོའི་ཁེ་ཕན་སྲུང་སྐྱོབ་བཟང་བོ་བྱེད་དགོས་པ། ཁྲིམས་ལྟར་དོ་དམ་དང་སྤྱི་ཚོགས་དོ་དམ། མི་རིགས་དོ་དམ་བཅས་ལ་ཤུགས་བསྣན་ཏེ་དགོན་པའི་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་གཏོང་དགོས་པ་བཅས་ནན་གྱིས་བསྟན། ཏུའུ་ཆིང་ལིན་འཁོར་དང་བཅས་བར་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཕེབས་རོགས་འོག་བརྟག་དཔྱད་ཞིབ་འཇུག་གནང་བའོ། །