མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱིས་འབྲི་བཞེངས་བྱས་པའི་ཐང་ག་བརྒྱ་ལྷག་ཀན་སུའུ་ལན་ཀྲུའུ་ནས་འགྲེམ་སྟོན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2012-05-18 10:40


ལྟད་མོ་བ་ཞིག་གིས་རྗེས་དྲན་གྱི་འདྲ་པར་ལེན་བཞིན་པ། 


བོད་རིགས་སློབ་མ་ཞིག་གིས་ཐང་གའི་བརྩམས་ཆོས་ལ་ལྟ་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས15ཉིན།  ཟླ་གསུམ་རིང་ལ་གྲ་སྒྲིག་བྱས་པ་བརྒྱུད།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་ཀྱིས་འབྲི་བཞེངས་བྱས་པའི་ཐང་གའི་བརྩམས་ཆོས་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ་འགྲེམ་སྟོན་བྱས།  ཤེས་གསལ་བྱུང་བ་ལྟར་ན།  ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ།  དེང་རབས་ཐང་གའི་ལས་རིགས་བརྗེ་རེས་དང་མཉམ་འབྲེལ་བྱེད་པར་སྐུལ་འདེད་བྱེད་ཆེད་བཀོད་སྒྲིག་བྱས་པ་ཡིན།  ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཐུན་མོང་མ་ཡིན་པའི་རི་མོ་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ།  ནང་དོན་ཐད་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད།  རིག་གནས་དང་སྤྱི་ཚོགས་འཚོ་བ་སོགས་འདུས་པས།  བོད་མི་རིགས་ཀྱི་ཤེས་བྱ་ཀུན་བཏུས་ཞེས་སུ་གྲགས།  །