མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་བོད་ཁུལ་རོང་འབྲོག་སྡེ་བའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ87787གྱིས་འཚོ་བཅུད་ཟ་མ་ལོངས་སུ་སྤྱོད་ཐུབ་པར་བྱུང་།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀན་སུའུ་གསར་འགྱུར་དྲ་བ།  2012-05-17 11:09

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ5བའི་ཚེས16ཉིན་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན།   ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་ནས་བཟུང་།  ཉིན་རེར་སློབ་མ་རེ་ལ་རོགས་དངུལ་སྒོར3ཁ་སྣོན་བྱེད་པའི་ཚད་གཞི་ལྟར།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་མའི་འཚོ་བཅུད་ལེགས་བཅོས་ཁ་གསབ་རོགས་དངུལ་སྒོར་ཁྲི1317འགྲེམ་གཏོང་བྱས་པས།  བོད་ཁུལ་རོང་འབྲོག་སྡེ་བའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ87787གྱིས་འཚོ་བཅུད་ཟ་མ་ལོངས་སུ་སྤྱོད་ཐུབ་པར་བྱུང་། 

རྒྱུས་ལོན་པ་ལྟར་ན།  2007ལོ་ནས་བཟུང་།  ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོ་ཁུལ་དུ་འོས་འགན་སློབ་གསོ་མྱོང་བཞིན་པའི་བཅའ་སྡོད་སློབ་མའི་འཚོ་བར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་དང་།  2007ལོ་ནས2010ལོའི་བར་ལོ་རེར་སློབ་མ་རེ་ལ་ཆ་སྙོམས་སུ་སྒོར1200འགྲེམ་གཏོང་བྱེད་ཀྱིན་ཡོད།  2011ལོར་ཀན་སུའུ་ཞིང་ཆེན་གྱིས་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱེད་པའི་ཚད་གཞི་སྒོར1400རུ་ཇེ་མཐོར་བཏང་བས།  སློབ་ཆུང་གི་ཁ་གསབ་རོགས་དངུལ་ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་དང་བསྡུར་ན་སྒོར400དང་།  དམའ་འབྲིང་གི་ཁ་གསབ་རོགས་དངུལ་སྒོར150བཅས་ཇེ་མཐོར་སོང་། 

2012ལོར་ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོ་ཁུལ་དུ་འོས་འགན་སློབ་གསོ་མྱོང་བཞིན་པའི་བཅའ་སྡོད་སློབ་མ80810ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི15238འགྲེམ་གཏོང་བྱས་པ་དང་།  ལོ་རེར་སློབ་མ་རེ་ལ་ཁ་གསབ་རོགས་སྐྱོར་ཚད་གཞི་སྒོར1885ལ་སོན་ཡོད་པ་བཅས་འོས་འགན་སློབ་གསོ་མྱོང་བཞིན་པའི་བཅའ་སྡོད་སློབ་མ་ཡོངས་ལ་ཁྱབ་ཡོད། 

ན་ནིང་ཀན་སུའུ་ཞིང་ཆེན་ཀྱིས་ཆེད་དབུལ་ས་ཁུལ58དུ་ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ཚོད་ལྟའི་བྱ་བ་སྤེལ།  འཚོ་བའི་ཁ་གསབ་ཚད་གཞི་དང་འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་བསྟར་བྱས་པ་བརྒྱུད།  ཕན་འབྲས་ཡོད་པའི་སྒོ་ནས་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་ཁྱིམ་ཚང་གི་དཔལ་འབྱོར་འགན་ཁུར་ཇེ་ཡངས་སུ་བཏང་བ་མ་ཟད།  སྔར་ལས་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བའི་ཆ་རྐྱེན་དང་འཚོ་བཅུད་ལེགས་བཅོས་བྱས།  །