མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཅོ་ནེ་རྫོང་གིས་རྩྭ་ཐང་ཁ་གསབ་རོགས་སྐྱོར་བྱ་དགའི་བྱ་བ་བདེ་བླང་ངང་སྤེལ་བཞིན་ཡོད་པ

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀན་སུའུ་གསར་འགྱུར་དྲ་བ།  2012-05-15 10:49

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན།  ཟླ5བའི་ཚེས10ཉིན།  ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་ནས་ཐོན་པའི་ཆེད་མཁས་ཚན་ཆུང་རྫོང་འདིས“ཅོ་ནེ་རྫོང་གི་རྩྭ་ཐང་ཁ་གསབ་རོགས་སྐྱོར་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པའི་སྙན་ཞུ་གྲོས་ཚོགས”ལ་ཉན་པ་དང་།  ཅོ་ནེ་རྫོང་གི་རྩྭ་ཐང་ཁ་གསབ་རོགས་སྐྱོར་བྱ་དགའི་བྱ་བར་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩེས་ལེན་ཐོབ། 

ཟླ5བའི་ཚེས10ཉིན།  ཀན་སུའུ་ཞིང་ཆེན་རྩྭ་ཐང་སྤྱི་ཁྱབ་ས་ཚིགས་ཀྱི་ཧྲུའུ་ཅི་ཧན་ཐེན་ཧུའུ་དང་།  ཞིང་ཆེན་ཞིང་ཕྱུགས་ཐིན་རྩྭ་ཐང་ཁྲུའུ་ཡི་འགོ་གཙོ་ཀྲང་ཀྲིན་མིན།  ཞིང་ཆེན་རྩྭ་ཐང་སྤྱི་ཁྱབ་ས་ཚིགས་ཀྱི་འགོ་གཙོ་ཞུའུ་གོ་མའོ།  ཀན་ལྷོ་ཁུལ་ཞིང་ཕྱུགས་ཐིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་རིང་དར་རྒྱས།  ཁུལ་ཞིང་ཕྱུགས་ཅུའུ་རྩ་ཐང་ཚན་ཁག་གི་འགོ་གཙོ་ཆན་ཧོན་ལིན་འཁོར་དང་བཅས་པས་ཅོ་ནེ་རྫོང་གི་རྩྭ་ཐང་ཁ་གསབ་རོགས་སྐྱོར་བྱ་དགའི་ཞིབ་བཤེར་རྩེས་ལེན་བྱ་བའི་གནས་ཚུལ་ལ་མཛུབ་སྟོན་བྱས། 

དེའི་རྗེས་ཆེད་མཁས་ཚན་ཆུང་འཁོར་དང་བཅས་པས་ཅོ་ནེ་རྫོང་ཞིང་ཕྱུགས་ཅུའུ་ནས“ཅོ་ནེ་རྫོང་གི་རྩྭ་ཐང་ཁ་གསབ་རོགས་སྐྱོར་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པའི་སྙན་ཞུ་གྲོས་ཚོགས”བསྡུས་པ་དང་།  ཧན་ཐེན་ཧུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།   ཞིབ་བཤེར་རྩེས་ལེན་ཚན་ཆུང་གིས་གྲོས་བསྡུར་བྱས་མཐར་ཚང་མས་ཅོ་ནེ་རྫོང་གི་རྩྭ་ཐང་ཁ་གསབ་རོགས་སྐྱོར་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་དོན་ཐོག་ཏུ་འཁྱོལ་ཡོད་པས།  བདེ་བླག་ངང་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩེས་ལེན་ཐོབ།  །