མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།

འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་སྐབས་བཞི་བའི་ཀྲུང་གོའི་ཆེས་མཛེས་ཁུལ་ལེགས་འདེམ་བྱ་དགར་ཚུད།

རྩོམ་པ་པོ། རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-11-01 10:23

  གླུ་བ་བཀྲ་ཤིས་ཉི་མས་གཞས་ཕུལ་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས29ཉིན་གྱི་དགོང་མོར། སྐབས་བཞི་བའི་ཀྲུང་གོའི་ཆེས་མཛེས་ཁུལ་ཞེས་པའི་བྱ་དགའ་གནང་བའི་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཞིང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་ལ་བྱ་དགའ་ཐོབ། དགོང་ཚོགས་སུ་བོད་རིགས་གླུ་བ་ཀུན་དགའ་དང་བཀྲ་ཤིས་ཉི་མ་གདན་འདྲེན་ཞུས་ཡོད་ཅིང་། ཆེད་བསྒྲིགས《ཕྱིར་འབའ་ལྷག་དཀར་རྫོང་ལ་སླེབས་པ》དང《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》ཞེས་པའི་མཚོན་བྱེད་བརྩམས་ཆོས་ཁྲོད་ཀྱི་གླུ་གཞས་ཕུལ་ཏེ་ཡང་བསྐྱར་འབའ་ལྷག་དཀར་རྫོང་གི་གཟི་བརྗིད་དང་མཛེས་སྡུག ཁྱད་དུ་འཕགས་པའི་བོད་ཁུལ་གྱི་རྣམ་པ་སོགས་མངོན་པར་བྱས། རྒྱུས་ལོན་པ་ལྟར་ན། དགོང་ཚོགས་འདི་ནི་བརྙན་འཕྲིན་ཁང20ལས་གཏོང་རྒྱུ་ཡིན་པ་དང་། ཚང་མས་རེ་བས་སྒུག་ཆོག

གླུ་བ་ཀུན་དགས་གཞས་ཕུལ་བ།

《ཕྱིར་འབའ་ལྷག་དཀར་རྫོང་ལ་སླེབས་པ》ཞེས་པའི་ཆེད་བསྒྲིགས་ཀྱི་དྲིལ་སྒྲོག་པར་རིས།

འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནུབ་བྱང་ཕྱོགས་ཀྱི་ཉི་ཤར་ཡུལ་ཚོའི་ཁོངས་སུ་ཡོད་ཅིང་། ཡུན་ནན་དང་བོད་ལྗོངས། སི་ཁྲོན་བཅས་ས་ཁོངས་ཀྱི་ལྟེ་བར་གནས། ས་ཁུལ་དེའི་མཚོ་ངོས་མཐོ་ཚད་ཆེས་མཐོ་བའི་འབའ་ལྷག་དཀར་རྫོང་གངས་རི་ནི་སེམས་ཀྱི་ཉི་ཟླ་རྫོང་གི་གངས་རི་མཐོ་ཤོས་དང་པོ་རུ་ངེས་ཤིང་། མཚོ་ངོས་མཐོ་ཚད་ཆེས་དམའ་བ་ནི་སི་ཁྲོན་ཞིང་ཆེན་དང་འབྲེལ་བའི་ཤོད་ཅུང་དང་། ལུང་གཞུང་གི་ཆ་སྙོམས་མཚོ་ངོས་མཐོ་ཚད་ནི་སྨི2650དང་ལོའི་ཆ་སྙོམས་དྲོད་ཚད་ནི་ཧྲེའེ་ཧྲི་ཏུའུ14.8ཡིན།

འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ།

འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་འདི་ཕྱི་ཕྱོགས་སུ་སྒྲོག་པར། 2009ལོར། འབའ་ལྷག་དཀར་རྫོང་གནས་སྐོར་ཀུང་ཟིས་ཇུས་འགོད་གནང་སྟེ《ཕྱིར་འབའ་ལྷག་དཀར་རྫོང་ལ་སླེབས་པ》ཞེས་པའི་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་བྱས་ལ། འདི་ནི་བོད་རིགས་གླུ་བ་བཀྲ་ཤིས་ཉི་མས་རོལ་དབྱངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་པའི་འགན་ཁུར་ཞིང་། 2012ལོར་བཀྲམ་པའི་གླུ་གཞས་ཆེད་བསྒྲིགས《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》ནི《ཕྱིར་འབའ་ལྷག་དཀར་རྫོང་ལ་སླེབས་པ》ཞེས་པའི་རྗེས་ཀྱི་བརྩམས་ཆོས་ཤིག་ཡིན་ཞིང་། གཞས་ཚོགས་འདི་ནི་བཀྲ་ཤིས་ཉི་མ་དང་། ཀུན་དགའ། མདོ་བ་ཚེ་སྐྱིད། དབྱངས་ཅན་ལྷ་མཛེས། འཕྱོངས་ཞོལ་སྒྲོལ་མ། ཨ་ཅག་ཚན་སྡེབ། འཕྲིན་ལས་རྒྱ་མཚོ་སོགས་བོད་ཁུལ་གྱི་གླུ་བ་གླུ་མ་གྲགས་ཅན་དང་། ཚིག་དང་དབྱངས་རྩོམ་མཁན་གྲགས་ཅན་རྣམས་མཉམ་འབྲེལ་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན།  །

《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》ཞེས་པའི་ཆེད་བསྒྲིགས་ཀྱི་དྲིལ་སྒྲོག་པར་རིས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག