ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་པར་ལེན་གྱིས་སུམ་རྩེན་གླིང་ལྗོངས་ཁུལ་མིང་དུ་གྲགས་སུ་བཅུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས14ཉིན། གསར་འགོད་པས་སུམ་རྩེན་གླིང་ལྗོངས་ཁུལ་ནས་རྒྱུས་ལོན་ལྟར་ན། “ལྔ་གཅིག”གུང་གསེང་རྗེས་སུ་སུམ་རྩེན་གླིང་ལྗོངས་ཁུལ་དུ་ཡུལ་སྐོར་པ་སྔར་ལས་ཤིན་ཏུ་མང་ལ། ཁོ་ཚོས་མི་རིགས་ཀྱི་གྱོན་ཆས་གོན་ནས་ལྗོངས་ཁུལ་དུ་པར་ལེན་པ་དང་། རྒྱུན་ལོན་ལྟར་ན། ཟླ5བའི་ཚེས12ནས་ཟླ5བའི་ཚེས13བར་དུ་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི8485སྣེ་ལེན་བྱས་པ་དུས་མཉམ་ལས32%འཕར་ཡོད།

ལྗོངས་ཁུལ་ནང་གང་ས་གང་དུ་བོད་ཀྱི་གྱོན་ཆས་གོན་པ་དང་མཐོ་སྒང་གི་མཛེས་ཆ་སྤྲས་པའི་ཡུལ་སྐོར་པ་མཐོང་ཐུབ་ལ། པར་ལེན་མཁན་ཚོས་ཡུལ་སྐོར་པ་བསྐོར་ནས་པར་རྒྱག་པའི་ལས་ལ་བྲེལ་བཞིན་ཡུལ་སྐོར་པ་ཚོར་རྣམ་པ་སྣ་ཚོགས་མངོན་པར་སྣེ་ཁྲིད་བྱེད་པ་མ་ཟད། དྲན་རྟེན་ཚུལ་གྱིས་ལྗོངས་ཁུལ་དུ་པར་མང་པོ་ལེན་པ་རེད།

ཡུས་ཞི་ནས་ཡོང་བའི་གྲོགས་མོ་བཞི་ནང་གི་གཅིག་གིས། ཁོ་ཚོས་སྤྱི་ཚོགས་འབྲེལ་གཏུག་སྟེགས་བུ་བརྒྱུད་དེ་སུམ་རྩེན་གླིང་ལྗོངས་ཁུལ་གྱི་ཡུལ་སྐོར་གྱི་པར་མང་པོ་མཐོང་བས། མཉམ་དུ་སེམས་ཀྱི་ཉི་ཟླ་རུ་ཡོང་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྐོར་པར་བརྒྱབ་པ་ཡིན་ཟེར།

དུས་མཚུངས་སུ། ཧྥུའུ་ཅན་ནས་ཡོང་བའི་དགའ་གྲོགས་སྐོར་ཞིག་གིས་ཀྱང་ནན་ཏན་གྱིས་རང་ཉིད་དགའ་བའི་བོད་ལྭ་བདམས་ནས། མཛེས་ཆ་སྤྲས་ཤིང་སུམ་རྩེན་གླིང་ལྗོངས་ཁུལ་ནས་པར་བརྒྱབ་པ་རེད། ཁོ་ཚོས་གནས་དེ་ནས་པར་བླངས་ན་ཁོར་ཡུག་ཤིན་ཏུ་ཡག་པ་མ་ཟད་ཚོར་བ་ཡང་སྐྱིད་པས། སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་དང་སྣ་མང་ཅན་གྱི་རིག་གནས་ལ་ཤིན་ཏུ་སྤྲོ་བ་ཡོད་ཟེར།

སུམ་རྩེན་གླིང་ལྗོངས་ཁུལ་གྱིས་རང་གི་ཐུན་མོང་མ་ཡིན་པའི་བོད་ཀྱི་བཟོ་བཀོད་དང་ཕུན་སུམ་ཚོགས་པའི་རིག་གནས་ནང་དོན། རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་སྔར་ལས་མང་བ་བསུ་དང་བསུ་བཞིན་ཡོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་པར་རྒྱག་གིས་ཡུལ་སྐོར་པ་མང་པོར་ཡུལ་སྐོར་ཐབས་ལམ་གསར་བ་མཁོ་འདོན་བྱས་པས། ཁོ་ཚོས་མཛེས་ལྗོངས་རོལ་མྱོང་བྱེད་ཞོར་ས་གནས་རིག་གནས་ལ་རྒྱུས་ལོན་བྱེད་བཞིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།