ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འོས་འགན་སློབ་གསོ་སྤུས་ལེགས་ཆ་སྙོམས་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འོས་འགན་སློབ་གསོ་སྤུས་ལེགས་ཆ་སྙོམས་འཕེལ་རྒྱས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ནས། སྔར་ལས་འདྲ་མཉམ་དང་སྤུས་ཚད་སྔར་ལས་མཐོ་བའི་འོས་འགན་སློབ་གསོ་གང་ལེགས་སྤེལ་ཞིང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི“སློབ་གྲྭ་འགྲིམ་པའི”རེ་བ་སྐོང།

སྤུས་ཚད་མཐོར་འདེགས་དམིགས་ཚད་དུ་བཟུང་བར་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་འདོན་རྒྱ་བསྐྱེད་པ་དང་། ཚན་རིག་དང་ལུགས་མཐུན་གྱིས་སློབ་གསོ་ཐོན་ཁུངས་ལེགས་སྒྲིག་དང་རིགས་སོ་སོའི་སློབ་གསོ་སློབ་འཛུགས་ཆུ་ཚད་ཇེ་མཐོ་དང་ལུགས་མཐུན་གོ་རིམ་ལྡན་པའི་ངང་གྲོང་ཁུལ་སློབ་གྲྭའི་བསླབ་གནས་མཁོ་འདོན་མང་དུ་གཏོང་བ། “སློབ་མཚམས་འཇོག་པ་ཚོད་འཛིན་བྱེད་པའི”ཡུན་རིང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སློབ་མཚམས་འཇོག་པ་ཚོད་འཛིན་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཞིང་། སློབ་གསོ་སྤུས་ཚད་ལྟ་ཞིབ་ཚད་འཇལ་དཔྱད་དཔག་ལམ་ལུགས་ལག་བསྟར་གྱིས་སློབ་གྲྭ་ཆུང་འབྲིང་གི“རོལ་མོ་དང་ལུས་རྩལ། མཛེས་རྩལ”སོགས་ཀྱི་ནུས་ལྡན་སློབ་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སློབ་གསོ་ཕྱོགས་བསྡུས་དཔྱད་དཔག་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བྱས།

ཚན་རིག་དང་ལུགས་མཐུན་གྱིས་སློབ་གསོ་ཐོན་ཁུངས་ལེགས་སྒྲིག་བྱེད་པ། རྨང་གཞི་ཞན་པའི་གྲོང་རྡལ་གྱི་སློབ་གྲྭའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གསོའི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གནད་དོན་ཐག་གཅོད་བྱས། མུ་མཐུད་དུ་སློབ་སྔོན་སློབ་གསོའི་ཐོན་ཁུངས་མཁོ་འདོན་རྒྱ་ཆེར་བཏང་ནས་སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ལྡན་ངང་བྱིས་གཉོར་ཁང་དུ་འགྲོ་དཀའ་བ་དང་སློབ་རིན་མཐོ་བའི་གནད་དོན་ཐག་གཅོད་པའི་རྨང་གཞི་ཐོག“གཞུང་གཉེར་བྱིས་གཉོར་ཁང་དུ་འགྲིམ་པ”དང“བྱིས་གཉོར་ཁང་དུ་འགྲོ་ཐུབ་པ”སོགས་ཀྱི་སྤྱི་ཚོགས་གནད་དོན་ཐག་གཅོད་བྱས་པ། དམིགས་བསལ་སློབ་གསོའི་སློབ་གཉེར་སྤུས་ཚད་མཐོ་རུ་བཏང་ནས་སློབ་གྲྭར་འགྲིམ་པའི་དུས་ཚོད་ཐོན་པའི་དབང་བོ་སྐྱོན་ཅན་བྱིས་པའི་ལས་དོན་གང་ལེགས་སྒྲུབ་པ། སློབ་གྲྭའི་འཛིན་གྲྭ་འགྲིམ་ནས་སློབ་སྦྱོང་བྱེད་པའི་ལས་དོན་ཡུན་རིང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སློབ་གྲྭར་འགྲིམ་པའི་དུས་ཚོད་ཐོན་པའི་དབང་བོ་སྐྱོན་ཅན་བྱིས་པ་སློབ་གྲྭར་འགྲིམ་པར་འགན་ལེན་བྱེད་པ། ཡང་ཉེ་ས་ནས་སྟབས་བདེ་བའི་ངང་སྔོན་ན་སློབ་གྲྭར་འགྲིམ་དུ་འཇུག་དགོས།

སློབ་གསོའི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་སློབ་གསོའི་ནང་དོན་སྤུས་ཚད་མཐོ་རུ་བཏང་ནས་སློབ་གསོའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ། མགྱོགས་མྱུར་གྱིས་སློབ་གསོ“སློབ་ན་དགེ་རྒན་ཡོད་པ”ནས“སློབ་ན་དགེ་རྒན་ལེགས་པོ་ཡོད་པ”སྒྱུར་ནས་དམིགས་བསལ་སློབ་གསོའི་མིང་རྟགས་ཧུར་ཇག་གིས་གཏོད་དགོས། འོས་འགན་སློབ་གསོ་སྤུས་ལེགས་ཆ་སྙོམས་ཆུ་ཚད་མཐོ་རུ་བཏང་ནས། ཧུར་ཐག་གིས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་འོས་འགན་སློབ་གསོ་སྤེལ་བ་མ་ཟད། བྱིས་པ་ཚོ་ཉེ་ས་ནས་སློབ་གྲྭ་འགྲིམ་ཐུབ་པ་དང་ཉེ་ས་ནས་སློབ་གྲྭ་བཟང་པོར་འགྲིམ་ཐུབ་པ། “གཉིས་འཐེན”དང“དོ་དམ་རིགས་ལྔ”ཡི་ལས་དོན་ལག་བསྟར་བྱས་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བཏང་།

མྱོགས་མྱུར་གྱིས་སློབ་གསོའི་དེང་རབས་ཅན་གྱི་འཕེལ་ེརིམ་ལ་སྐུལ་འདེད་བྱས་ནས། 《སེམས་ཀྱི་ཉི་ཟླའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི(2023—2025ལོ)》དང《སེམས་ཀྱི་ཉིན་ཟླའི་སློབ་གསོ་དར་སྤེལ་གཏོང་བའི་བྱེད་ཐབས་ལྔ》ལག་བསྟར་བརྒྱུད་དེ་སྔར་ལས་འདྲ་མཉམ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བའི་སློབ་གསོ་སྤེལ་རྒྱུ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།