ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་ལོ་སར་གྱི་རིག་གནས་དམངས་ཕན་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས“རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”བླང་བྱ་རྒྱུན་འཁྱོངས་བྱ་ཆེད། ད་ལོའི་ལོ་སར་སྐབས་སུ་བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་ལོ་སར་གྱི་རིག་གནས་དམངས་ཕན་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། “ཡུན་ནན་ཞེས་འབོད་པའི་འཚོ་བ་ཞིག་ཡོད”ཅེས་པའི་བརྗོད་དོན་གཙོ་བོར་བཟུང་ནས་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་ཞིག་བསྟན་པས་བདེ་ཆེན་ཁུལ་ཡོངས་ཀྱི་མང་ཚོགས་རྣམས་ལ་བཀྲ་ཤིས་པའི་དུས་ཆེན་ཞིག་རོལ་དུ་བཅུག

རིག་རྩལ་འཁྲབ་སྟོན་པ་ཚོས་དུས་ཆེན་རིང་ཁྱིམ་མི་དང་མཉམ་འཛོམས་བྱུང་བའི་གོ་སྐངས་ཡག་པོ་དོར་ནས། མང་ཚོགས་ཀྱི་རེ་འདུན་ཁྲོད་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་གསོལ་སྟོན་བཤམས་ཤིང་། སྙན་ཞིང་འཇེབས་པའི་གླུ་གཞས་རེ་རེ་དང་། མཛེས་ཤིང་སྡུག་པའི་ཞབས་བྲོ་རེ་རེ་ཡིས་གཞི་རིམ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད། ལོ་སར་གྱི་རྣམ་པ་ཡག་ཅིང་བརྩེ་བ་གཏིང་ཟབ་པ། འཁྲབ་སྟོན་པ་དང་མང་ཚོགས་སྟེགས་བུའི་མང་ཚོགས་ཕན་ཚུན་བརྗེ་རེས་བྱེད་ཞོར་མཉམ་གྱིས་དུས་ཆེན་རོལ་པ་རེད། བྱ་འགུལ་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པ་ཁེངས་བ་མ་ཟད། དཔལ་ཡོན་ལྡན་ལ་བཀྲ་ཤིས་པའི་དུས་ཆེན་གྱི་ཁོར་ཡུག་བསྐྲུན་ཡོད། དམངས་ཕན་འཁྲབ་སྟོན་གྱིས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་བ་མ་ཟད། རིག་རྩལ་འཁྲབ་སྟོན་པའི་དུས་ཆེན་གྱི་རྟེན་འབྲེལ་ཡག་པོ་གྲོང་ཚོ་ནང་བསྐྱལ་ཏེ་མང་ཚོགས་ཀྱི་སེམས་སུ་དྲོད་ཁོལ་སྦྱིན། ཡང་སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་དཔལ་ཡོན་སྲོལ་བཟང་རྒྱུད་འཛིན་བྱས་པ་དང་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་མཐོ་རུ་བཏང་ནས། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རྣམ་པ་གསར་བ་ཡོངས་སུ་མངོན་པ་རེད།

རྒྱུས་ལོན་ལྟར་ན། རྒྱ་ལོ་ཚེས་གཉིས་ནས་བཟུང་། བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་རྒྱལ་ཐང་གྲོང་རྡལ་དང་ཉི་ཤར་ཤང་། ཞའོ་ཀྲུང་ཏན་གྲོང་རྡལ་སོགས་སུ་བསྐྱོད་དེ་འཁྲབ་སྟོན་ཐེངས10ལྷག་སྤེལ་ཞིང་མང་ཚོགས་སྟོང་ཕྲག་འགའ་ཡིས་འཁྲབ་སྟོན་ལ་ལྟོས་པ་རེད། བྱ་འགུལ་དེ་རྒྱ་ལོ་ཚེས15བར་དུ་བསྟུད་མར་སྤེལ་རྒྱུ་ཡིན་པ་མ་ཟད། རིག་རྩལ་ལས་དོན་མི་སྣ་ཚོ་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་རྡལ་གཞན་དུ་བསྐྱོད་ནས་འཁྲབ་སྟོན་བྱ་རྒྱུ་ཡིན་པས་ལོ་སར་ཧྲིལ་བོར་ཕལ་ཆེར་འཁྲབ་སྟོན་ཐེངས15ཡས་མས་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།