ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ཡིས་མཐོ་སྒང་གི་རྒུན་འབྲུམ་འདེབས་འཛུགས་ལ་བརྟེན་ནས་ཐོན་ལས་དར་སྤེལ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆི་པེ་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་ས་ཞིང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་སུའུ་སུའུ་རིགས་ཐར་གྲོང་དུ་རྒུན་ཆང་གིས་ས་གནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྱད་ལྡན་ཐོན་ལས་སུ་གྱུར།

འབའ་ཐང་རྫོང་དུ་སྐམ་ཚ་ལུང་གཞུང་མང་བས་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་ཞིང་རྒུན་འབྲུམ་སྐྱེ་བར་འཚམ་པ་རེད། ལ་ཕུའུ་ལུང་གཞུང་སོགས་ནི་སྤུས་ལེགས་རྒུན་ཆང་བསྙལ་བྱེད་རྒུན་འབྲུམ་འདེབས་འཛུགས་གནས་ཡིན། ལོ་ངོ་བཅུ་ཕྲག་རིང་གི་འཕེལ་རྒྱས་བརྒྱུད་དེ་ས་གནས་རྒུན་འབྲུམ་ཐོན་ལས་གཞི་ཁྱོན་རག་ཙམ་ཆགས་པ་རེད།

བེ་ཏུའུ་ཨར་རྒུན་འབྲུམ།

ཐར་གྲོང་ཆི་པེ་གྲོང་རྡལ་གྱི་རྒུན་འབྲུམ་འདེབས་འཛུགས་བྱེད་ས་ཐོན་དུས་བེ་ཏུའུ་ཨར་རྒུན་འབྲུམ་གྱི་དྲི་ཞིམ་འཐུལ་པ་དང་། “སང་ལོའི་ཟླ་དང་པོར། རྒུན་འབྲུམ་འདི་དག་བཏོག་ཆོག་པ་དང་། ངེད་ཚང་གིས་མུའུ10ལྷག་གི་རྒུན་འབྲུམ་འདེབས་འཛུགས་བྱས་པས། མུའུ་རེའི་ཡོང་འབབ་ཆེས་དམའ་བ་སྒོར5000ཡིན”ཞེས་ཆི་པེ་གྲོང་ཚོའི་གྲོང་མི་ལི་ཧའེ་ཡུན་གྱིས་དེ་ལྟར་བརྗོད།

ལ་ཕུའུ་ལུང་གཞུང་གི་ཆང་བསྙལ་ས།

ལ་ཕུའུ་ལུང་གཞུང་ཆང་ཆང་བསྙལ་ས་ནི་འདེབས་འཛུགས་དང་ཐོན་ལས་ལས་སྣོན། ཕྱིར་འཚོང་དང་ཡུལ་སྐོར་རོལ་མྱོང་གཞི་གཅིག་ཅན་གྱི་དམངས་གཉེར་ཁེ་ལས་ཞིག་ཡིན། ཀུང་སི་དེའི་ཏུང་ཧྲི་ཀྲང་ཁྲིན་ཅིན་ཝུའུ་ཡིས་ངོ་སྤྲོད་ལྟར་ན། ཆང་བསྙལ་ས་ཡིས“ཀུང་སི+རྟེན་གཞི+ཞིང་དུད+ཚན་རྩལ”གྱི་ཐོན་ལས་ཅན་ཚོང་གཉེར་དཔེ་དབྱིབས་ཀྱིས་ཐར་གྲོང་དུ་རྒུན་འབྲུམ་འདེབས་ས་མུའུ500འཁོར་རྒྱུག་བྱས་ནས་གཅིག་གྱུར་དོ་དམ་བྱས་ཤིང་། གཞན་ས་ཞིང་མུའུ1200ཆང་བསྙལ་ས་ཡིས་ལག་རྩལ་མཛུབ་སྟོན་བརྒྱུད་དེ་ཞིང་དུད་རང་གིས་དོ་དམ་བྱེད་པ་དང་། མཐར་ཆང་བསྙལ་སས་ཀ་རའི་ཚད་གཞི་ལྟར་བསྡུ་ལེན་བྱས་པ་རེད།

ལ་ཕུའུ་ལུང་གཞུང་ཆང་བསྙལ་ས་ཡིས་ཐོན་སྐྱེད་བྱས་པའི་རྒུན་ཆང་།

རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་གཏོང་བ་མ་ཟད། ལ་ཕུའུ་ལུང་གཞུང་ཆང་བསྙལ་ས་ཡིས་ཁྱད་ལྡན་རྩེ་གྲ་བཟོ་ལས་ཡུལ་སྐོར་ལས་གཞི་བཏོད་དེ། “ཡུལ་སྐོར+ཆང་བསྙལ་ས+ཁྱིམ་ཚང་མགྲོན་ཁང”གི་ཐབས་ལམ་གྱིས་ཐར་གྲོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། ངོ་སྤྲོད་ལྟར་ན། ལ་ཕུའུ་ལུང་གཞུང་ཆང་བསྙལ་ས་ཡིས་ལོ་རེར་ཡུལ་སྐོར་པ་མི་ཐེངས་ཁྲི3སྣེ་ལེན་བྱེད་པ་དང་མཐའ་འཁོར་གྱི་གྲོང་མིས་ལས་གཏོད་དང་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།