ཀྲུང་གོ་བོད་ཀྱི་དྲ་བ།

​སེམས་ཀྱི་ཉི་ཟླའི་དགུན་དུས་འདབ་ཆགས་ལ་གཟིགས་པའི་དུས་ཆེན་སྤེལ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དགུན་དུས་ནི་དགུན་སྒྲོལ་འདབ་ཆགས་རིགས་སེམས་ཀྱི་ཉི་ཟླ་རུ་འདུས་པའི་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་ལ། དེ་དག་གི་མཛེས་སྡུག་ལྡན་པའི་གཟུགས་བརྙན་འཛིན་པའི་ཆེད། 2020ལོའི་ཟླ12པའི་ཚེས23ནས་ཚེས27བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྐབས་ལྔ་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་འདབ་ཆགས་ལ་གཟིགས་པའི་དུས་ཆེན་སྤེལ་རྒྱུ་རེད། 

  སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་བདེ་བླག་ངང་སྤེལ་བ་དེས་པར་ལེན་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར་ལ་གསོན་ཤུགས་གསར་བ་བསྣན་ནས་སེམས་ཀྱི་ཉི་ཟླའི་ངོ་མཚར་དང་། ཐུན་མོང་མ་ཡིན་པ། མཛེས་སྡུག་ལྡན་པ། སྣ་མང་ཕུན་སུམ་ཚོགས་པ་བཅས་ཀྱི་འདབ་ཆགས་རིགས་ཀྱི་ཐོན་ཁུངས་མི་རྣམས་ལ་ཉམས་ལེན་བྱེད་ཏུ་བཅུག་ཡོད།

 “སྐྱེ་ཁམས་ཀྱི་བདེ་ཆེན། དག་སྣང་གི་མཁའ་དབྱིངས”ཞེས་པ་དེ་ནི་སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་རྒྱལ་སྤྱིའི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་གྱི་འགྱུར་མེད་བརྗོད་དོན་གཙོ་བོ་ཡིན་པ་མ་ཟད། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པའི་སེམས་ཀྱང་མཚོན་ཡོད།

འདབ་ཆགས་ལ་གཟིགས་པའི་དུས་ཆེན་གྱིས་ས་གནས་སྤྱི་ཚོགས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བྱ་འགུལ་ནང་ཞུགས་པའི་འདུ་ཤེས་ལ་སྐུལ་ཁྲིད་བྱས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་ཡོན་འཛུགས་སྐྱོང་ལའང་སྐུལ་འདེད་བཏང་ནས“བྱ་རིགས་ལ་སྲུང་སྐྱོང་དང་། བྱ་རིགས་ལ་ཤེས་རྟོགས། བྱ་རིགས་ལ་གཅེས་སྐྱོང”བཅས་ཀྱི་འདུ་ཤེས་དང་ཤེས་བྱ་སྔར་ལས་མང་པོ་ཞིག་རྒྱ་ཆེའི་མང་ཚོགས་ནང་ཁྱབ་སྤེལ་དུ་བཏང་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།