ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི“བོད་གློག་ཕྱིར་སྐྱེལ”དངོས་སུ་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2024ལོའི་ལོ་འཁོར་གྱི་བོད་གློག་ཕྱིར་སྐྱེལ་དངོས་སུ་མགོ་ཚུགས་པ་དང་།  སྔོན་དཔག་བྱས་ན་ད་ལོ་གློག་ཕྱིར་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར20ཙམ་ཟིན་རྒྱུ་དང་། དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར6ཙམ་ཡིན་ཞིང་། རང་རྒྱལ་གྱི་དབུས་ཤར་ས་ཁུལ་སོགས་སུ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི160དང་དབྱང་གཉིས་མུ་ཟི་འབུད་ཚད་ཏུན་ཁྲི5ཇེ་ཉུང་དུ་གཏོང་བར་རོགས་བྱེད་ཐུབ།

ད་ལོ་བོད་ལྗོངས་ཀྱི་བོད་གློག་ཕྱིར་སྐྱེལ་ཁྱབ་ཁོངས་དེ་ཧྭ་བྱང་དང་ཧྭ་དབུས།  ཧྭ་ཤར།  ནུབ་བྱང་།  ལྷོ་ནུབ་བཅས་ས་ཁོངས5དང་། པེ་ཅིན་དང་ཧྲང་ཧའེ། ཧུའུ་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར16དང་འབྲེལ་བ་ཡོད་ཅིང་། བོད་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་འགྱུར་བར་སྐུལ་འདེད་དང་།   བོད་ལྗོངས་ཀྱི་ནུས་རྒྱུ་སྦགས་མེད་ཐཱན་འགྱུར་ལ་སྐུལ་འདེད།  རྒྱལ་ཡོངས་ཀྱི་དབྱར་དུས་གློག་ཤུགས་མཁོ་འདོན་འགན་ལེན་བྱེད་པའི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་རྒྱུ་བཅས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད། 

ཤེས་གསལ་ལྟར་ན།2015ལོ་ནས་བཟུང་།  བོད་ལྗོངས་གློག་དྲས“བོད་གློག་ཕྱིར་སྐྱེལ”ཐེངས་དང་པོ་བྱས་ཚུན། 2023ལོའི་ལོ་མཇུག་བར།  བོད་ལྗོངས་ཡོངས་ཀྱིས་ཆུ་གློག་སོགས་ནུས་ཁུངས་གཙང་མ་ཆུ་ཚོད་སྟོང་ཝ་དུང་ཕྱུར136ལྷག་ཕྱིར་སྐྱེལ་བ་དང་། དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར37ལས་བརྒལ་བ་བསྐྲུན་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི1041ཇེ་ཉུང་དུ་བཏང་ནས། དབུས་ཤར་ས་ཁུལ་སོགས་ཀྱི་ནུས་ཁུངས་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་བྱ་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། །

 
རྩོམ་སྒྲིག་པ། : 才让东珠