ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་བོད་སྨན་ཐོན་ལས་ཆེད་ཁེ་གཞི་གྲངས་མཛོད་ཐོག་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱེད་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་ཞིབ་དོ་དམ་ཅུའུ་ནས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱི་བོད་སྨན་ཐོན་ལས་ཆེད་ཁེ་གཞི་གྲངས་མཛོད་ཐོག་མ་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། དེས་བོད་སྨན་ཐོན་ལས་གསར་སྐྲུན་འཕེལ་རྒྱས་ཐད་གཞི་གྲངས་འདེགས་སྐྱོར་དང་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས།

རྒྱུས་ལོན་ལྟར་ན། ཆེད་ཁེ་གཞི་གྲངས་མཛོད་ནང་བོད་སྨན་སྨན་རྫས་དང་བོད་སྨན་སྡེབ་སྦྱོར། བོད་སྨན་ལས་སྣོན། བོད་སྨན་ཉར་ཚགས། ཀྲུང་ལུགས་སྨན་རྫས་ཁེ་ལས་སོགས་ཀྱི་ཆེད་དོན་མཛོད་ལྔ་འདུས་པ་དེས་ཕུན་སུམ་ཚོགས་པའི་ཆེད་ཁེ་ཆ་འཕྲིན་མཁོ་འདོན་བྱས་པ་མ་ཟད། ཆེད་ཁེ་ཞིབ་བཤེར་དང་ཆེད་ཁེ་དབྱེ་ཞིབ། ཆེད་ཁེ་སྔོན་བརྡ་གཏོང་བ། ཆེད་ཁེ་རགས་ལྟ་དང་ཕབ་ལེན་སོགས་ཀྱི་དོན་དངོས་རང་བཞིན་ལྡན་པའི་ནུས་བའི་ཆ་འདུས། གཞི་གྲངས་མཛོད་ནང་མིག་སྔར་རྒྱལ་ཁབ་ཕྱི་ནང་གི་བོད་སྨན་ཐོན་ལས་ཆེད་ཁེ་གཞི་གྲངས་ཁྲི7.98ཡོད། དེ་ནང་བོད་རང་སྐྱོང་ལྗོངས་ཀྱིས་རེ་ཞུ་བྱས་པའི་ཆེད་ཁེ་ཐོ་འགོད་ཚད1083ཟིན་ཞིང་། དེས་རྒྱལ་ཁབ་ཕྱི་ནང་གི་བོད་སྨན་ཁྱབ་ཁོངས་ཀྱི་ཆེད་མཁས་མི་སྣ་དང་ཁེ་ལས་ཞིབ་འཇུག་གསར་སྤེལ་མི་སྣ། གསར་སྐྲུན་གཙོ་གཞི་ལ་སྟབས་བདེ་བའི་ཆ་འཕྲིན་བསྡུ་བར་མཁོ་འདོན་བྱས་ནས། བོད་སྨན་ཐོན་ལས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་ཞིབ་དོ་དམ་ཅུའུ་ཤེས་ཡོན་བདག་དབང་ཁྲུའུ་ཡི་ཁྲུའུ་ཀྲང་ཕུན་ཚོགས་ཀྱིས། ཆེད་ཁེ་གཞི་གྲངས་མཛོད་བསྐྲུན་པའི་དམིགས་ཡུལ་གཙོ་བོ་ནི་བོད་སྨན་དང་འབྲེལ་བའི་རྒྱལ་ཁབ་ཕྱི་ནང་གི་ཆེད་ཁེ་ལ་ཕྱོགས་ཡོངས་ཀྱི་གཞི་གྲངས་བསྡུ་ལེན་ལས་སྣོན་དང་ལག་རྩལ་བརྗོད་དོན་གཙོ་བོའི་དབྱེ་ཞིབ་བརྒྱུད་དེ་བྱེ་བྲག་ཅན་གྱི་ཆ་འཕྲིན་གཅིག་སྡུད་ཆགས། རྒྱལ་ཁབ་ཕྱི་ནང་གི་བོད་སྨན་ཁྱབ་ཁོངས་ཀྱི་ཆེད་མཁས་མི་སྣ་དང་ཁེ་ལས་ཞིབ་འཇུག་གསར་སྤེལ་མི་སྣ། གསར་སྐྲུན་གཙོ་གཞི་བཅས་ཀྱིས་ཆེད་ཁེ་གཞི་གྲངས་མཛོད་ལ་བརྟེན་ནས་ཕྱོགས་ཡོངས་དང་དུས་ཐོག གསལ་བོའི་ངང་འབྲེལ་ཡོད་འཕེལ་རྒྱས་འགུལ་རྣམ་དང་ལག་རྩལ་གསར་སྒྱུར་ཆ་འཕྲིན་གསར་བར་རྒྱུས་ལོན་ཐུབ་པ་མ་ཟད། གཏིང་ཟབ་སྒོས་ཆེད་ཁེའི་ཆ་འཕྲིན་ལ་དབྱེ་ཞིབ་བྱས་ནས་ལག་རྩལ་འཕེལ་རྒྱས་ཐབས་ལམ་རྙེད་ཅིང་། དེ་ནས་བོད་སྨན་ཐོན་ལས་ཀྱིས་ཆེད་ཁེ་གཞི་གྲངས་ལ་འཚོལ་ཞིབ་བྱེད་པའི་ནུས་ཚད་མཐོ་རུ་བཏང་ནས་ཐབས་ལམ་གསར་བ་བསྐྲུན་པར་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།