ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་རྟེན་མཛོད་མཐུན་ཚོགས་དངོས་སུ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཕྱི་དྲོ། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ལྷ་ས་ནས་སྒོ་བྱང་བཀལ་ཞིང་། མཐུན་ཚོགས་འཛུགས་པའི་དམིགས་ཡུལ་ནི་བོད་ལྗོངས་ནང་ཁུལ་གྱི་རྟེན་མཛོད་ཐོན་ཁུངས་སྒྲིག་སྦྱོར་བྱས་ཏེ་སྤྱི་ཚོགས་རིམ་པ་སོ་སོར་བརྗེ་རེས་བྱེད་པའི་སྟེགས་བུ་བསྐྲུན་པ་དེ་ཡིན།



ཟླ5བའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ལྷ་ས་ནས་སྒོ་བྱང་བཀལ་བ།

བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཁུངས་མིའམ། བོད་ལྗོངས་རིག་དངོས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ཞིན་པིང་གིས། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ཀྱིས་བོད་ལྗོངས་རྟེན་མཛོད་ཁང་གིས་སྤྱི་བའི་ཞབས་ཞུ་སྤུས་ཚད་དང་ལྟ་མོ་བའི་རོལ་མྱོང་མཐོ་རུ་གཏོང་བར་རམ་འདེགས་བྱས་ནས། བོད་ལྗོངས་རིག་དངོས་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ཁྲོད་ཤུགས་རྐྱེན་ཐེབས་པར་རྒྱ་བསྐྱེད་དགོས་ཟེར།

དགོན་པའི་རིག་དངོས་འགྲེམ་སྟོན་ཁང་གི་འཐུས་མི་ཞུགས་པ་དེ་ནི་ཐེངས་འདིའི་ཚོགས་ཆེན་དོན་སྙིང་ལྡན་པར་གྱུར་ཡོད། མཐུན་ཚོགས་ལས་འཛིན་དུ་བདམས་ཡོད་པའི་ལྷ་ས་གྲོང་ཁྱེར་སྟག་ལུང་བདེ་ཆེན་ཆུས་གནས་ནང་དགོན་རིག་དངོས་འགྲེམ་སྟོན་ཁང་གི་མགོ་གཙོ་དཔལ་ལྡན་དཔའ་བོས“དགོན་པའི་རིག་དངོས་འགྲེམ་སྟོན་ཁང་གི་འཛུགས་སྐྲུན་དགོན་པ་ནང་ཉར་ཚགས་བྱས་པའི་སྤོ་སྒུལ་རིག་དངོས་ཚད་ལྡན་ཅན་དང་ཚན་རིག་ཅན་དོ་དམ་གྱི་ཐབས་ལམ་གཙོ་བོ་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རྟེན་མཛོད་ཁང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་བ་ཡིན”ཟེར།

མིག་སྔའི་བར་དུ། བོད་ལྗོངས་ཡོངས་སུ་བསྡོམས་པས་རིགས་སོ་སོའི་རྟེན་མཛོད་ཁང་དང་འགྲེམ་སྟོན་ཁང་། དྲན་རྟེན་ཁང43ཡོད་པ(རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང1དང་རིམ་པ་གཉིས་པའི་རྟེན་མཛོད་ཁང1)ཕྱོགས་བསྡུས་རིགས་དང་ཆེད་དོན་རིགས། ལས་རིགས་རིགས། དགོན་པ་རིགས་བཅས་ཀྱི་རྟེན་མཛོད་ཁང་དང་རིགས་སོ་སོའི་དྲན་རྟེན་ཁང་དང་འགྲེམ་སྟོན་ཁང་ཚུད། ན་ནིང་ལོ་ཧྲིལ་བོར་ལྟད་མོ་པ་མི་ཐེངས་ཁྲི200ཟིན། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།