ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་ལེགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱིས་ཡང་བསྐྱར་གྲུབ་འབྲས་བཟང་པོ་བླངས། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི2024ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་ཐོག་ནས་རྒྱུས་ལོན་ལྟར་ན། དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་འཕེལ་རྒྱས་རྣམ་པ་མངོན་ཞིང་། ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར53.07ལེགས་འགྲུབ་ཟིན་ནས་དུས་མཉམ་ལས5.7%གྱིས་འཕར་ཞིང་བོད་ལྗོངས་ཡོངས་ཀྱི་འཕར་ཚད་བརྒྱ་ཆའི་ཚེག0.6ལས་མཐོ་བ་རེད།

རྒྱུས་ལོན་ལྟར་ན། ཟླ1པོ་ནས་ཟླ4བའི་བར་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་སྣེ་ལེན་བྱས་ནས་ཡུལ་སྐོར་སྤྱིའི་ཡོང་འབབ་སོ་སོར་དུས་མཉམ་ལས13.41%དང15.68%འཕར་བ་དང་། དེ་ནང་མངའ་ཁོངས་ནང་འཛུལ་བའི་ཡུལ་སྐོར་པ་སྣེ་ལེན་བྱས་ནས་ཡུལ་སྐོར་ཕྱི་རྒྱལ་དངུལ་འགྲུལ་ཡོང་འབབ་སོ་སོར་དུས་མཉམ་ལས653.33%དང690.89%འཕར། དུས་དང་ཆབས་ཅིག་ཏུ་གནས་བབ་དང་བསྟུན་མཐོ་སྒང་གི་ཆུ་གྲང་ཉ་དང་ནགས་གླ ། ཤྭ་བ་ཁྲ་རིས་སོགས་ཀྱི་གསོ་སྤེལ་དང་རི་སྐྱེས་སྣ་མའི་ཚན་ཁག་སྐྱེ་དངོས་སྲུང་སྐྱོང་བེད་སྤྱོད་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་སུ་བཏང་། གཞན་ཡང“ཡིད་འོང་ཇ་ལྗང”དང“ཡིད་འོང་ཇ་ནག”2024ལོའི་སྐོར་དང་པོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཁྱད་ལྡན་དང་མིང་གྲགས། སྤུས་ལེགས་མིང་བྱང་ནང་ཚུད།

དངུལ་གཏོང་ཕྱོགས་ནས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྤྲད་པའི་རྒྱལ་བུན་ལས་གཞི20སྟེ་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར5.18བརྩོན་ལེན་བྱས་ནས། ད་ལོ་གཙོ་གནད་ལས་གཞི533ལག་བསྟར་བྱ་རྩིས་ཡོད་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར163.1གཏོང་རྩིས་ཡོད། མིག་སྔར་ལས་མགོ་བསྐྱར་ཚུགས་ལས་གཞི325མགོ་བརྩམས་པ་དང་བསྐྱར་མགོ་ཚུགས་ཚད94.5%ཟིན།

གཞན་ཡང་། བཅོས་སྒྱུར་སྔོན་འགྲོ་དང་སྒོ་འབྱེད་རྒྱ་བསྐྱེད་ཀྱིས་རྒྱལ་ཁབ་རིམ་པའི་དངུལ་ཁང་ཞབས་ཞུ་ཚད་ལྡན་ཅན་གྱི་ཚོད་ལྟའི་གནས་བཏོད་དེ་སྔོན་ལ་བོད་ལྗོངས་ཡོངས་ནས་དངུལ་བུན་སྐྱེད་ཀའི་ཚད་ཁྲོམ་ར་ཅན་ཚོད་ལྟའི་གནས་ལས་དོན་མགོ་རྩོམ་པ་དང་། སྐོར་དང་པོའི་སྐྱེད་ཀའི་ཚད་ཁྲོམ་ར་ཅན་གྱི་ཚོད་ལྟའི་གནས་དངུལ་བུན་གན་རྒྱ་འཇོག་པ་དང་བྱང་བུ་སྤྲོད་པའི་མཛད་སྒོ་སྤེལ་ནས། བྲག་ཡུབ་ཆུས་ཀུ་ཤུ་ཏུན99བལ་ཡུལ་དུ་འཚོང་ནས་ཨ་སྒོར་ཁྲི15མངོན་འགྱུར་བྱུང་།  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།