ཀྲུང་གོ་བོད་ཀྱི་དྲ་བ།

བོད་བྱང་ཐང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་ཁ་བ་བུ་ཡུག་ཁྲོད་མ་མུ་མཐའ་མེད་པའི་ས་གཞི་བརྟན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རི་སྐྱེས་སྲོག་ཆགས་ཆེད་སྲུང་དོ་དམ་སྲུང་སྐྱོང་རུ་མིས་ས་སྟོང་ལུང་སྟོང་དུ་ཡོད་པའི་དཔའ་བོ་ནོར་བུ་གཡུ་རྒྱན་གྱི་དྲན་གསོའི་རྡོ་རིང་ལ་གུས་ཕྱག་འབུལ་བཞིན་པ། ནོར་བུ་གཡུ་རྒྱན་ནི2002ལོར་རི་དྭགས་ལྐོག་རྔོན་བྱེད་མཁན་དང་འཐབ་མོ་བྱེད་སྐབས་སྐུ་གཤེགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ནས་བཟུང་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གིས་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་པ་གཙོ་བོ10གཅིག་ཏུ་བསྡུས་ནས། གཟའ་འཁོར་གཉིས་ཀྱི་དུས་ཚོད་རིང་ལ་ཉི་མ་རྫོང་མངའ་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི3ལྷག་གི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྟེ་གནས་ལ་གཅིག་བསྡུས་སྐོར་ཞིབ་བྱ་རྩིས་ཡོད།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་ཤིང་། ལྟེ་གནས་ཁུལ་དུ་མིའི་རིགས་སྡོད་མེད་པས། གཙོ་གནད་སྲུང་སྐྱོང་བྱ་ཡུལ་ནི་དམིགས་བསལ་གྱི་མཐོ་གྲང་སྐྱེ་ཁམས་མ་ལག་དང་རྨིག་པ་ཡོད་པའི་སྲོག་ཆགས་ཆེ་གྲས་རིགས་ཡིན། སྲུང་སྐྱོང་ཁུལ་དུ་ཆགས་པའི་ཉི་མ་རྫོང་དུ་བསྡོམས་པས་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་ས་ཚིགས11དང་དོ་དམ་སྲུང་སྐྱོང་རུ་མི135ཡོད། ཁོ་ཚོས་ནམ་རྒྱུན་དུ་ཁ་བ་བུ་ཡུག་ཁྲོད་ས་སྟོང་ལུང་སྟོང་རྒྱུ་ནས་སྐོར་ཞིབ་བྱེད་བཞིན་གནས་དེ་བརྟན་སྲུང་བྱེད་བཞིན་ཡོད། །


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པས་སྒར་ས་ནས་དྲོད་ལེན་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པས་བསྐོར་ཞིབ་ལམ་བར་གྱི་ལ་ཉག་གངས་འཁྱགས་སྟེང་པར་རྒྱག་བཞིན་པ།


རྐྱང་ཁྱུ་རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པའི་རླངས་འཁོར་མདུན་དུ་རྒྱུ་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པས་ཁ་བ་བུ་ཡུག་རྒྱུ་ནས་དོ་དམ་སྲུང་སྐྱོང་ས་ཚིགས་ཞིག་ཏུ་ཐོན་པ།


དོ་དམ་སྲུང་སྐྱོང་ལས་དོན་པས་རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོ་བསུ་བཞིན་པ།



རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པ་མཚོ་འགྲམ་ཞིག་ཏུ་རྒྱུ་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པས་ཟ་མ་ལས་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པས་ཟ་མ་ཟ་རྒྱུ་གྲ་སྒྲིག་བྱེད་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་པས་རླངས་འཁོར་ནང་སྣུམ་སྣོན་བཞིན་པ།

ནོར་བུ་གཡུ་རྒྱན་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་སྐལ་བཟང་ལྷུན་འགྲུབ་ཀྱིས(གཡས་གཉིས)རུ་མི་ཚོ་དང་མཉམ་དུ་ཁ་བའི་ཁྲོད་མི་མེད་གནམ་གྲུ་ཆུང་ཆུང་བརྒྱུད་དེ་གཙོད་ཁྱུའི་གནས་ཚུལ་ལ་ལྟ་བ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོ་ཁ་བའི་ཁྲོད་རྐང་ཐང་དུ་རྒྱུ་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོ་ཆུ་ཚན་ནང་དུ་ངལ་གསོ་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོས་ཁ་བ་བུ་ཡུག་ཁྲོད་སྐོར་ཞིབ་བྱེད་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོའི་རླངས་འཁོར་འདམ་རྫབ་ལམ་དུ་རྒྱུ་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོས་འཁྱགས་རོམ་ཞིག་རུ་སྐོར་ཞིབ་བྱེད་བཞིན་པ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཚོས་གཡི་ཞིག་རང་བྱུང་ཁམས་སུ་གཏོང་བ།


རི་སྐྱེས་སྲོག་ཆགས་ཆེད་དོན་དོ་དམ་སྲུང་སྐྱོང་རུ་མི་ཞིག་གིས་སྔོན་ལ་སྐྱབས་པའི་གཙོད་ཅིག་ལ་བདག་སྐྱོང་བྱེད་བཞིན་པ།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།