ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་སྙན་ངག་ཆེན་མོ《འུན་ཤིང་ཀོང་ཇོ》བོད་ལྗོངས་ཡུལ་སྐོར་གྱི་ཚད་ཤིང་གསར་བར་གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“གནམ་འོག་ན་རྒྱང་རིང་མེད། མི་ཡུལ་ནི་ཕ་ཡུལ་ཡིན”ཞེས་པ་བཞིན། འདས་ཟིན་པའི“ལྔ་གཅིག”གུང་གསེང་རིང་ལྷ་སའི་སྐྱིད་ཆུ་འགྲམ་རྒྱུད་དུ་གནས་པའི་རིན་ཆེན་བུམ་པ་རི་བོ་སྟེང་གི་འུན་ཤིང་ཀོང་ཇོ་འཁྲབ་ར་གཙོ་བོ་རུ་གཟི་མདངས་རྣམ་པར་འཚེར་བའི་ཕོ་བྲང་རི་ཚོགས་དབུས་སུ་ལངས་ཤིང་། 《འུན་ཤིང་ཀོང་ཇོ》ལོ་རྒྱུད་སྙན་ངག་ཆེན་མོ་ཡིས་སྐར་ཚོགས་འཁྲབ་ཡོལ་དང་རི་ཀླུང་རྒྱབ་ལྗོངས་བྱས་པས། རྒྱལ་ཡོངས་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་ཚོས་འུན་ཤིང་ཀོང་ཇོའི་རྐང་རྗེས་དེད་ནས་མི་རིགས་མཐུན་སྒྲིལ་གྱི་སེམས་འགུལ་ཐེབས་པའི་ལོ་རྒྱུས་སྙན་ངག་ལ་ལྟ་རུ་འགྲོ་བཞིན་ཡོད།

ཐེངས་དང་པོར་བོད་ལྗོངས་སུ་བསྐྱོད་པའི་ཧུའུ་པེ་ཡི་ཡུལ་སྐོར་པ་བུད་མེད་ཡོན་གྱིས་འཁྲབ་སྟོན་ལ་ལྟོས་རྗེས“ངོ་མཚར་ལྡན་ཞིང་མི་སེམས་འགུལ་བ་ཞིག་རེད”ཟེར། མོ་ལ་སེམས་འགུལ་ཐེབས་སུ་འཇུག་པ་ནི་འཁྲབ་སྟོན་མ་གཏོགས་པར། ད་དུང་གློག་འོད་དང་ཡིད་དབང་འཕྲོག་པའི་ཟློས་གར་གྱི་ནང་དོན་སོགས་ཀྱི་གཟུགས་འདས་རིག་གནས་ཡིན།

ཟློས་གར་ལ་ལྟོས་ཚར་རྗེས། ཡོན་བུད་མེད་དང་ཁྱིམ་མི་ཚོ་འུན་ཤིང་ཀོང་ཇོ་བོད་ཀྱི་རིག་གནས་ཡུལ་སྲོལ་གླིང་དུ་ཡོང་ནས《འུན་ཤིང་ཀོང་ཇོ》ཡི་ཕྲེང་བསྟར་རིག་གནས་གསར་སྐྲུན་ཐོན་རྫས་ཉོས་པ་རེད། ཡོན་བུད་མེད་ཀྱིས་གསར་འགོད་པར“ཕོ་བྲང་པོ་ཏ་ལ་རུ་ཡུལ་སྐོར་བྱེད་པ་དང་། བར་སྐོར་སྲང་ལམ་རྒྱུ་པ། 《འུན་ཤིང་ཀོང་ཇོ》ཟློས་གར་ལ་ལྟ་བ་ནི་ལྷ་སའི་ཡུལ་སྐོར་གྱི་ཚད་ཤིང་གསར་བར་གྱུར་ཡོད་ཟེར”། 

ལོ་རྒྱུས་སྙན་ངག་ཆེན་མོ་དེས་བོད་ལྗོངས་ཀྱི་ཡུལ་སྐོར་པ་གནས་དེར་འདུག་པའི་རྒྱུ་མཚན་དུ་གྱུར་བ་མ་ཟད། ཡུལ་སྐོར་འཛད་སྤྱོད་འཕར་བར་འཐེན་པ་རེད། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོའི“ལྔ་གཅིག”གུང་གསེང་རིང་ལ་བོད་ལྗོངས་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི134.82སྣེ་ལེན་བྱས་པ་དུས་མཉམ་ལས15.46%འཕར་བ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.75ཟིན་ནས་དུས་མཉམ་ལས14.98%འཕར་བ། རིག་གནས་དང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕར་ནས་བོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་འཕར་ཚད་གསར་བ་སྐྲུན་ཡོད།

བོད་ལྗོངས་ཡུལ་སྐོར་གྱི་ཚད་ཤིང་གསར་བ་ཡིན་པའི་ལོ་རྒྱུས་སྙན་ངག་ཆེན་མོ《འུན་ཤིང་ཀོང་ཇོ》2023ལོར་འཁྲབ་སྟོན་ཐེངས235བྱས་པ་དང་། མིག་སྔའི་བར་དུ་ཟློས་གར་དེ་འཁྲབ་ར་ནས་དུས་ཚིགས11ལ་འཁྲབ་སྟོན་བྱས་ནས་བསྡོམས་པས་ཐེངས1900ལ་འཁྲབ་སྟོན་བྱས། འཁྲབ་སྟོན་དང་ཡུལ་སྐོར་ཆ་འགྲིག་གིས་བསྡོམས་པས་ལྟད་མོ་པ་དང་ཡུལ་སྐོར་པ་མི་ཐེངས་ཁྲི3000ལས་བརྒལ་བ་སྣེ་ལེན་བྱས། ལས་གཞིའི་བསྡོམས་པས་ཡོང་འབབ་སྒོར་དུང་ཕྱུར13.5ཟིན་པ་རེད། 2020ལོ་ནས2023བར《འུན་ཤིང་ཀོང་ཇོ》ལོ་རྒྱུས་སྙན་ངག་ཆེན་མོས་བསྟུད་མར་ལོ4ལ་རྒྱལ་ཡོངས་ཡུལ་སྐོར་འཁྲབ་སྟོན་འཛིན་ཤོག་སྟར་རིམ་བཅུ་ནང་བདམས་པ་དང་། 2023ལོར《འུན་ཤིང་ཀོང་ཇོ》ལོ་རྒྱུས་སྙན་ངག་ཆེན་མོ་སྐོར་དང་པོའི་རྒྱལ་ཡོངས་ཀྱི“རྫོང་གཅིག་ལ་མིང་རྟགས་གཅིག”ཅེས་པའི་ཁྱད་ལྡན་རིག་གནས་སྒྱུ་རྩལ་དཔེ་མཚོན་ནང་དང་རྒྱལ་ཡོངས་ཡུལ་སྐོར་འཁྲབ་སྟོན་རྩེ་གྲའི་མིང་བྱང་ནང་བཞག་པ་རེད། 2024ལོར2023ལོའི་རྒྱལ་ཡོངས་འཁྲབ་སྟོན་ཁྲོམ་ར་སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་གཅིག་གྱུར་ཕུལ་བྱུང་འཁྲབ་སྟོན་ལས་གཞི་ནང་བཞག་པས་ཤུགས་ལྡན་པའི་ངང་བོད་ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་དར་བར་རམ་འདེགས་བྱས།

མཚན་མོར། ཡོན་བུད་མེད་ཀྱིས་རང་གིས་ཉོས་པའི་སྲོང་བཙན་སྒམ་པོ་དང་འུན་ཤིང་ཀོང་ཇོ་ཆུང་ཆུང་སྐད་འཕྲིན་སྟེང་བཞག་རྗེས“བོད་ལྗོངས་སུ་ཡུལ་སྐོར་ཡོང་མཁན་ཚོས་ངེས་པར་དུ《འུན་ཤིང་ཀོང་ཇོ》ལོ་རྒྱུས་སྙན་ངག་ཆེན་མོ་ལྟོས་ཚེ་ད་གཟོད་དོན་སྙིང་ལྡན་པ་ཞིག་ཡིན”ཞེས་བཀོད།

《འུན་ཤིང་ཀོང་ཇོ》ཟློས་གར་ཚོགས་ཆུང་གི་འགན་ཁུར་མི་སྣ་སྟེ་ཡུས་ཧྲང་ཧུའུ་མེ་ཚོགས་པའི་སྤྱི་འདོམས་ལི་ཡོན་ཡོན་གྱིས། ཚོགས་པས་ཟློས་གར་ནང་གི་མི་སྣ་གཙོ་བོ་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་གཟུགས་དབྱིབས་མ་དཔེ་རུ་བཟུང་ནས་འུན་ཤིང་ཀོང་ཇོ་བརྗོད་དོན་གཙོ་བོར་འཛིན་པ་དང་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་ཁྱད་ལྡན་རིག་གནས་གསར་སྐྲུན་ཐོན་རྫས་གསར་སྤེལ་བྱས་པ་ཡུལ་སྐོར་པའི་དགའ་བསུ་ཐོབ་བཞིན་ཡོད་པས། ནུས་ལྡན་གྱིས་འུན་ཤིང་ཀོང་ཇོ་བརྗོད་དོན་གཙོ་བོར་འཛིན་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཕྲེང་འབྲེལ་འཐུས་ཚང་དུ་བཏང་།

ལོ་ངོ་བཅུ་ཕྲག་གི་རིང་། 《འུན་ཤིང་ཀོང་ཇོ》ལོ་རྒྱུས་སྙན་ངག་ཆེན་མོ་ལས་གཞི་ཡིས་འུན་ཤིང་ཀོང་ཇོའི་འཁྲབ་ར་གཙོ་བོ་ལྟེ་གནས་སུ་བྱས་པ་དང་། འུན་ཤིང་ཀོང་ཇོ་རིག་གནས་ཡུལ་སྐོར་བརྗོད་དོན་གླིང་བཏོད་དེ་མཚན་མོའི་དཔལ་འབྱོར་བྱ་འགུལ་རབ་དང་རིམ་པ་ཇུས་འགོད་བྱས་པས། སྤུས་ཀ་ཡོད་པ་དང་ནང་དོན་ཡད་པའི་མཚན་མོའི་རོལ་མྱོང་ལས་རྣམ་ལྷ་སར་ཐོན་ནས་ཐུན་མོང་མ་ཡིན་པའི་ཆང་ཁང་རིག་གནས་དང་ཚོན་སྒྲོན་རིག་གནས། ཞབས་བྲོ་རིག་གནས། སྤྲོ་གསེང་རིག་གནས་སོགས་ཆགས་པ་དང་། “རིག་གནས+ཚན་རྩལ+ཡུལ་སྐོར”བཅས་ཀྱིས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། ལྷ་སའི་རིག་གནས་ཡུལ་སྐོར་གཏིང་ཟབ་རོལ་མྱོང་དང་མཚན་མོའི་དཔལ་འབྱོར་གསོན་ཤུགས་མཐོ་རུ་བཏང་ཞིང་། ལྷ་ས་ཐ་ན་བོད་ལྗོངས་ཡོངས་ཀྱི་མཚན་མོའི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་།  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།