ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སྦྲ་ཆེན་རྫོང་གི་འབྲོག་མི་ཚོས་བོད་ལྭའི་ཤོམ་ངོམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྒང་ཆུ་ཤང་དུ་གྲོང་མི་ཚོས་གྲོང་ཚོའི་རིག་གནས་ཁང་དུ་གར་སྟེགས་བཙུགས་ཤིང་། ལུས་སུ་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་ཤོམ་ངོམས་པ་དང་མང་ཚོགས་རྣམས་ལ་བོད་ལྗོངས་ནག་ཆུའི་བོད་ལྭ་བསྟན་པ་རེད། 

བོད་ལྗོངས་ཀྱི་ས་ཆ་སོ་སོར་གནམ་ཟླའི་ཁྱད་པར་དང་ས་ཁོངས། ཐོན་སྐྱེད་འཚོ་བའི་རོལ་ཐབས་སོགས་ཀྱི་ཁྱད་པར་རྐྱེན་གྱིས་ས་ཆ་སོ་སོའི་བོད་ལྭ་ཡང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོད་ལྡན།

ནག་ཆུ་ནི་བོད་ལྗོངས་བྱང་རྒྱུད་ཀྱི་རྩྭ་ཐང་དུ་གནས་ཤིང་། ས་བབ་མཐོ་ལ་གནམ་ཟླ་འཁྱགས་པས། ནག་ཆུའི་བོད་ལྭ་གཙོ་བོ་སློག་པ་ཡིན་པས། དེས་དྲོད་སྐྱེལ་ཐུབ་པ་དང་རླུང་འགོག་པ་སོགས་ཀྱི་ནུས་བ་ལྡན། ཁ་མདོག་ཡག་པ་དང་རྣམ་པ་ལེགས་པས་མི་རྣམས་ཀྱི་དགའ་བསུ་ཐོབ་ཀྱིན་ཡོད། ། 


 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།