ཀྲུང་གོ་བོད་ཀྱི་དྲ་བ།

བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་ལ་བསྡད་དེ་ཁམ་བུའི་མེ་ཏོག་ལ་ལྟ་རུ་འགྲོ །

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ཟླ3པ་ནས་ཟླ4བར། “གངས་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་འབོད་པའི་ཉིང་ཁྲི་ཡིས་ལོ་ཧྲིལ་བོའི་ནང་གི་ཆེས་མཛེས་པའི་དུས་ཚིགས་བསུས་པ་དང་། གངས་རིའི་འདབས་དང་གྲོང་རོང་ནང་གི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དང་། ཟླ3པའི་ཚེས31ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་ཉེར་གཅིག་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དངོས་དུ་མགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་གཞུང་ཕྱོགས་གནས་ཚུལ་ལྟར་ན། ཁམ་བུའི་མེ་ཏོག་དུས་ཆེན་རིང་ལ་ཡུལ་སྐོར་པས་མེ་འཁོར་པ་སེ་བརྒྱུད་དེ་ཉིང་ཁྲི་གྲོང་ཁྱེར་གྱི་རིགས་སོ་སོའི3Aནས5Aརིམ་པའི་ལྗོངས་ཁུལ་དུ་གཟིགས་སྐྱོང་བྱ་འགུལ་ལོངས་སུ་སྤྱོད་ཆོག་པ་རེད།

2021ལོའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་བྱས་པ་བརྒྱུད། “བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་བསྡད་དེ་ཁམ་བུའི་མེ་ཏོག་ལྟ་རུ་འགྲོ”བ་དེ་ཡུལ་སྐོར་པ་སྔར་ལས་མང་པོའི་གདམ་གསེས་སུ་གྱུར་ཡོད། “སྟོད་ཉི་མ་ལྷ་ས”དང“གངས་རིའི་འབྲི་ཆུའི་ལྷོ་རྒྱུད”སྦྲེལ་མཐུད་བྱས་པའི་ཉིང་ཁྲིའི“མཁའ་ལམ་གསར་བ”ཡིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱིས་བོད་ལྗོངས་ཤར་ལྷོའི་ས་ཁུལ་གྱི་ཡུལ་ལྗོངས་རྩེ་གྲ་སྦྲེལ་ཡོད། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྡད་ན་འཛམ་གླིང་གི་ས་བབ་ཆེས་མཐོ་ས་ནས་འཁོར་སྐྱོད་བྱེད་པའི་སྒུལ་འཁོར་མྱུར་ཚད་རོལ་མྱོང་བྱེད་ཐུབ་པ་མ་ཟད། སྒེའུ་ཁུངས་བརྒྱུད་དེ་ཡར་ཀླུང་གཙང་པོ་འགྲམ་གཉིས་ཀྱི་ཁམ་བུའི་མེ་ཏོག་ལ་ལྟོས་ནས་གངས་ལྗོངས་མཐོ་སྒང་གི་མཛེས་ལྗོངས་རོལ་མྱོང་བྱེད་ཐུབ།

མཐོ་སྒང་གི་རི་སྐྱེས་ཁམ་སྡོང་མཐོ་ཞིང་མེ་ཏོག་མཛེས་པ་དང་། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དེ་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ལྷག་པར་དུ་བྲག་ཡུབ་ཆུས་དང་སྤོ་མེས་རྫོང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྣང་རྫོང་སོགས་ཀྱི་ཁམ་བུའི་མེ་ཏོག་རབ་ཏུ་མཛེས། དེ་ནང་ཀ་ལ་གྲོང་ཚོ་སོགས་ཀྱི་གྲོང་ཚོའི་ཡུལ་ལྗོངས་རབ་ཏུ་མཛེས། འབྲུ་ཆུའི་ལྷོ་རྒྱུད་ཀྱི་ཁམ་བུའི་མེ་ཏོག་དང་མི་གཅིག་པར་རི་སྐྱེས་ཁམ་སྡོང་སྤྱི་ལེ་བརྒྱ་ཕྲག་ལྷག་ཏུ་སྦྲེལ་ཡོད་པས་གནམ་སྔོན་པོ་དང་གངས་རི་དཀར་པོ་ཡོངས་སུ་བརྒྱན་པ་རེད། ལོ་སྔོན་མའི་ཁམ་བུའི་མེ་ཏོག་བཞད་པའི་དུས་ལས་དབྱེ་ཞིབ་བྱས་ན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཉིན21ཙམ་ཡིན་པ་དང་། མེ་ཏོག་ལ་ལྟ་རུ་ཡོང་བའི་ཡུལ་སྐོར་པས་བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་བསྡད་དེ་ཉིང་ཁྲི་རུ་བསྐྱོད་དེ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་གཟིགས་ཆོག  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།