ཀྲུང་གོ་བོད་ཀྱི་དྲ་བ།

​བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡར་འབྲོག་གཡུ་མཚོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།


པར་འདི་ནི་བོད་ལྗོངས་ཡར་འབྲོག་གཡུ་མཚོའི་རུ་ཐོག་དགོན་པའི་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་བྱང་རྒྱུད་དུ་ཡོད་པའི་ཡར་འབྲོག་གཡུ་མཚོའི་མཚོ་ངོས་ས་བབ་སྨི4441ཟིན་པ་དང་། གནམ་མཚོ་ཕྱུག་མོ་དང་མ་ཕམ་གཡུ་མཚོ་བཅས་ལ་བོད་ལྗོངས་ཀྱི་ལྷ་མཚོ་ཆེན་པོ་གསུམ་ཞེས་འབོད། ཉེ་སྔོན། གསར་འགོད་པས་སྒེར་འཁོར་སྐོར་ནས་འདི་ག་བརྒྱུད་སྐབས་མཐོང་བ་ལྟར་ན། ཡར་འབྲོག་གཡུ་མཚོའི་ཉེ་འཁོར་གྱི་རི་བོ་ཁ་ཤས་ཁ་བས་གཡོགས་པ་དང་ཆུ་བོ་སྔར་བས་སྔོ་ཞིང་དྭངས་པས། མཁའ་སྐྱོད་པར་ཆས་ཀྱི་མཐོང་ཚོར་འོག་རྡོ་རྗེ་ཕ་ལམ་སྔོན་པོ་ཞིག་གིས་མཐོ་སྒང་གི་ས་གཞི་ཆེན་མོར་ཕྲ་བཏབ་པ་དང་མཚུངས་པར་བརྗིད་ཆགས་མཛེས་སྡུག་ལྡན་པ་ཞིག་རེད། ཡར་འབྲོག་གཡུ་མཚོའི་འགྲམ་རྒྱུད་དུ་ད་དུང་གཙོད་དང་ཝ་དམར་སོགས་རི་སྐྱེས་སྲོག་ཆགས་མཐོང་བས་མཐོ་སྒང་སྐྱེ་ཁམས་ཀྱི་མཛེས་པའི་ཆ་གང་ལེགས་མངོན་ཡོད། །


པར་འདི་ནི་མཁའ་སྐྱོད་པར་ཆས་མཐོང་ཚོར་འོག་གི་ཡར་འབྲོག་གཡུ་མཚོ་དང་རྒྱང་རིང་གི་གངས་རིའི་མཛེས་ལྗོངས་རེད།

པར་འདི་ནི་མཁའ་སྐྱོད་པར་ཆས་མཐོང་ཚོར་འོག་གི་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་རེད།


པར་འདི་ནི་ཡར་འབྲོག་གཡུ་མཚོའི་འགྲམ་རྒྱུད་དུ་མཐོང་བའི་ཝ་དམར་རེད།


པར་འདི་ནི་གཙོད་ཅིག་གིས་ཡར་འབྲོག་གཡུ་མཚོའི་འགྲམ་རྒྱུད་ཀྱི་བརླན་སར་ཟས་འཚོལ་བའི་རྣམ་པ་རེད།


པར་འདི་ནི་ཡར་འབྲོག་གཡུ་མཚོའི་འགྲམ་རྒྱུད་དུ་ཟས་འཚོལ་བཞིན་པའི་གཙོད་རེད།


པར་འདི་ནི་ཡར་འབྲོག་གཡུ་མཚོ་དང་རྒྱང་རིང་གི་གངས་རིའི་མཛེས་ཉམས་རེད།


པར་འདི་ནི་ཡར་འབྲོག་གཡུ་མཚོའི་རུ་ཐོག་དགོན་གྱི་མཛེས་ལྗོངས་རེད།


པར་འདི་ནི་ཉི་མ་ནུབ་ཁའི་ཡར་འབྲོག་གཡུ་མཚོའི་རྣམ་པ་རེད།

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།