ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2024-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་། མེ་ཏོག་མཐའ་མཚམས་མངགས་གཏོང་ཁང་། མེ་ཏོག་ཁྲིམས་འཛིན་སུའོ་བཅས་ཀྱི་ལས་དོན་པ་མེ་ཏོག་རྫོང་སློབ་འབྲིང་དུ་བསྐྱོད་ནས་ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་སློབ་མ་ཚོར་སློབ་དུས་འདིའི“སློབ་ཚན་མཇུག་ཤོས”ཀྱི་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཞིག་འཚོགས་པ་རེད།

བྱེད་སྒོ་སྤེལ་རིང་། ལས་དོན་པས་རང་ངོས་ཀྱི་ལས་ཀའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ“སློབ་གསོ་དང་དྲིལ་བསྒྲགས་ཟུང་འབྲེལ་གྱི་བྱ་ཐབས་དང་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་གཞོན་ནུ་ལོ་ཆུང་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་ཀྱི་ཁྲིམས་ལུགས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་འབྲེལ། རྒྱ་ཆེའི་སློབ་མ་ཚོར་ཁྲིམས་ཤེས་པ་དང་ཁྲིམས་བསྲུངས་ནས་རང་རྟོགས་ངང་བྱེད་སྤྱོད་ངན་པ་གཏན་འགོག་བྱེད་དགོས་པའི་སློབ་གསོ་བརྒྱབ་ཡོད། དེ་དང་ཆབས་གཅིག་ལས་དོན་པས་ད་དུང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན་བདེ་འཇགས། བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་སོགས་ཀྱི་ནང་དོན་ཐད་ནས་སློབ་མ་ཚོར་འབྲེལ་ཡོད་ཀྱི་བདེ་འཇགས་ཤེས་བྱ་ཞིབ་ཕྲ་བཤད་དེ་སློབ་མ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད། གུང་གསེང་རིང་སློབ་མ་དྲ་རྒྱའི་རོལ་རྩེད་ལ་དབྱིངས་ཞུགས་སླ་བ་སོགས་ལ་དམིགས་ནས། དྲ་རྒྱའི་ཁ་བསླུས་དང་ཟུང་འབྲེལ་གྱིས་ལས་དོན་པས་གྱོད་གཞི་ངོ་མར་བརྟེན་ནས་ཁྲིམས་དཔེས་ཁྲིམས་འགྲེལ་བྱས་ཏེ་སློབ་མ་ཚོར་གང་འདྲ་ཞིག་ལ་དྲ་རྒྱའི་ཁ་བསླུས་ཟེར་བ་དང་བྱེད་སྤྱོད་གང་དག་དྲ་རྒྱའི་ཁ་བསླུས་ནང་ཚུད་པ་འགྲེལ་བཤད་བརྒྱབ་པ་དང་། སློབ་མ་ཚོར་དུས་དང་རྣམ་པ་ཀུན་དུ་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཕན་ཆུང་དྲིན་ཆུང་ལ་སེམས་མི་ཆགས་པ། རྒྱུས་མངའ་མེད་པའི་མིར་གང་བྱུང་དུ་དངུལ་སྒྱུར་བ་དང་དངུལ་སྟེར་བ་སོགས་བྱེད་མི་རུང་བའི་ཁ་ཏ་བསླབ་བྱ་བྱས་ཡོད།

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།