ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་ཐོན་ལ་ཉེ་བའི་སྐབས་སུ་མཐོ་སྒང་རི་གྲོང་དུ་ཁེ་སྤོགས་བགོ་བཤའ་བརྒྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་ཐོན་ལ་ཉེ་བའི་སྐབས་སུ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོའི་མཉམ་ལས་ཁང་དུ“ལོ་ལེགས”བྱུང་ཡོད་ལ། གྲོང་མི120ལྷག་གིས་ལུས་ལ་གཟབ་མཆོར་སྤྲས་ནས་ས་གནས་ཀྱི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོར་ཞུགས།

ཁེ་སྤོགས་བགོ་བའི་ཡུལ་དངོས་སུ་ཁྱིམ་དུད་རེ་རེར་ཆ་སྙོམས་འབྲས་ཁུག་མ10དང་ཕྱེ་ཁུག་མ10། ཀ་ར་ཁུག་མ1། ཀྲིན་ཟས། འོ་ཕྱེ། ཚ་དམ་སོགས་དངོས་རྫས་བགོ་འགྲེམ་བྱས་པ་དང་། གཞན་ཡང་གྲོང་ཚོའི་ནང་ཁྱིམ་ཚང་གི་མི་འབོར་མང་ཉུང་ལ་གཞིགས་ནས་འབྲས་འགྲེམ་གཏོང་བྱེད་ཚད་བབ་མཚུངས་ཀྱིས་ཇེ་མང་དུ་བཏང་། 2023ལོར་ནུབ་སྟོད་གྲོང་ཚོས་བསྡོམས་པས་སྒོར་ཁྲི62བགོ་འགྲེམ་བྱས་ཤིང་། གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.2ལ་སླེབས་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།