ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་ཚེས12ཉིན་ལྷ་སར་སྤེལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། 2024ལོའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་བྱ་འགུལ་ཟླ2པའི་ཚེས12ཉིན(བོད་ཀྱི་ལོ་གསར་གྱི་ཚེས་གསུམ)གྱི་སྔ་དྲོར་ལྷ་སའི་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་སྤེལ་རྒྱུ་རེད།

པར་འདི་ནི་འགྲན་ཞུགས་པས་རྟ་རྩལ་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།

ལུགས་རྙིང་ལོ་གསར་དང་བོད་ཀྱི་ལོ་གསར་གཉིས་ཐོན་ལ་ཉེ་བའི་སྐབས་འདིར། ལྷ་སའི་རྟ་རྒྱུག་ཐང་གི་གནས་ཚུལ་ཉིན་བཞིན་ཛ་དྲག་ཆེ་བར་ཕྱིན་ཡོད། རྟ་རྒྱུག་ཐང་དུ་རྟ་རྩལ་རུ་ཁག་གིས་དཀའ་སྤྱད་སྦྱོང་བརྡར་བྱེད་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་ལྟད་མོ་བར་ངོ་མཚར་ཆེ་བའི་རྟ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཞིག་བསྐྱལ་ཡོང་བ་དེ་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་ནང་དུ་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་འདུས་ཡོད་ཅིང་། དེའི་ཁྲོད་རྟ་རྒྱུག་འགྲན་བསྡུར་ནང་སྨི3000དང་སྨི5000། སྨི8000བཅས་རྣམ་གྲངས་གསུམ་འདུས་ཡོད་ལ། རྟ་རྩལ་འཁྲབ་སྟོན་ནང་རྣམ་གྲངས་ཆེན་པོ18དང་ཆུང་ངུ20ལྷག་ཡོད་པ་དང་། རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་གཉིས་སྤེལ་མར་སྒྲུབ་རྒྱུ་རེད།

པར་འདི་ནི་རྟ་རྒྱུག་འགྲན་བསྡུར་བྱ་འགུལ་གྱི་ཡུལ་དངོས་རྣམ་པ་རེད།

རྟ་ཐོག་ལུས་རྩལ་བོད་ལྗོངས་སུ་བཀྲ་ཤིས་པ་དང་སྙིང་སྟོབས་ཆེ་བ། བློ་རིག་བཅས་ཀྱི་མཚོན་རྟགས་ཡིན་པ་དང་། དེ་ནི་མཐོ་སྒང་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཡིན་ལ། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པའི་འཁྲབ་སྟོན་རྣམ་གྲངས་ཀྱང་ཡིན། 2020ལོའི་བོད་ཀྱི་ལོ་གསར་གྱི་ཚེས་གསུམ་ཉིན་རྟ་རྩལ་འཁྲབ་སྟོན་བྱ་འགུལ“ཀྲུང་ཧྭའི་ལུས་རྩལ་རིག་གནས་ཕུལ་བྱུང་དུས་ཆེན་གྱི་རྣམ་གྲངས”ནང་བདམས་ཐོན་བྱུང་བ་རེད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།