ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོའི་ལ་སྒོ་གྲོང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་གནས་ཤིང་། མཐའ་སྐོར་དུ་འཁྱགས་རོམ་དང་གངས་རི། མཚེའུ་བཅས་ཡོད་པས་འདི་གར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་སྔོན། ལ་སྒོ་གྲོང་ཚོས“ཏང་འཛུགས་སྐྱོང+རིག་གནས་ཡུལ་སྐོར”དང་བླངས་ཞབས་ཞུའི་ས་ཚིགས་བཙུགས་ཏེ“གསར་བརྗེ་ཁྱིམ་གཞིས་ཀྱི་ཁོར་སྲུང་བ”མཛེས་ལྗོངས་ཁུལ་དུ་སྐྱོད་པར་ཁྲིད་སྟོན་བྱས་ནས། ཏང་འཛུགས་སྐྱོང་གིས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་རོགས་འདེགས་ལ་སྣེ་ཁྲིད་བྱས་པ་དང་། བརྗོད་དོན་སློབ་གསོ་མུ་མཐུད་སྤེལ་ནས་ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་གསར་བ་བྱུང་བར་རོགས་འདེགས་བྱས།

  པར་འདི་ནི་ལ་སྒོ་འཁྱགས་རོམ་རེད།

ཏང་འཛུགས་སྐྱོང་གིས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཇེ་མཐོ་ཡོང་བར་སྐུལ་འདེད་བཏང་། ལ་སྒོ་གྲོང་ཚོས་བརྗོད་དོན་སློབ་གསོའི་ནང་དང་ཟུང་འབྲེལ་བྱས་ནས། “ཡུལ་སྐོར་བ་གང་དུ་ཡོད་ན་ཞབས་ཞུ་དེ་གར་ཐོན་དགོས་པའི”རྩ་དོན་རྒྱུནའཁྱོུངས་བྱས་ནས་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་དང་། “ཏང་འཛུགས་སྐྱོང+རིག་གནས་ཡུལ་སྐོར”དང་བླངས་ཞབས་ཞུའི་ས་ཚིགས་བཙུགས་པ། ཏང་ཡོན་ལས་བྱེད་པས་ཏང་གི་རྟགས་མ་དང“གསར་བརྗེ་ཁྱིམ་གཞིས་ཁོར་སྲུང་བའི”གདོང་མཆོང་གྱོན་ཆས། “འཁྱགས་རོམ་ཁོར་སྲུང་བའི”སྟོད་ལྭ་བཅས་ལ་བརྒྱུད་ནས་ཐོབ་ཐང་ར་སྤྲོད་བྱས་ཏེ་ཡུལ་སྐོར་བར་ཞབས་ཞུ་སྒྲུབ་པ་དང་རིག་གནས་ཡུལ་སྐོར་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་བརྒྱུད་ནས་ལ་སྒོ་གྲོང་ཚོའི་ཡུལ་སྐོར་སྣེ་ལེན་དང་སྒོ་ཕྱིའི་རོགས་སྐྱོབ། མཛེེས་ལྗོངས་མཚམས་སྦྱོར། ཁོར་ཡུག་ལེགས་བཅོས། དམངས་ཕན་ཞབས་ཞུ། ཁྱད་ཐོན་དངོས་རྫས་ཕྱིར་འཚོང་སོགས་རིག་གནས་ཡུལ་སྐོར་ཞབས་ཞུ་མུ་མཐུད་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་བ་དང་། ཡུལ་སྐོར་བའི་ཉམས་ལེན་གྱི་ཚོར་བ་མཐོར་འདེགས་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་ཇེ་མཐོར་བཏང་ནས་འཁྱགས་རོམ་ཡུལ་སྐོར་གྱི“གསེར་གྱི་དཀར་ཡོལ”དམ་པོར་བཟུང་ཡོད། 

  པར་འདི་ནི་ལ་སྒོ་གྲོང་ཚོའི་དང་བླངས་ཞབས་ཞུ་རུ་ཁག་གིས་ཁོར་ཡུག་ལེགས་བཅོས་བྱ་འགུལ་སྤེལ་བའི་རྣམ་པ་རེད།

ཏང་འཛུགས་སྐྱོང་གིས་མང་ཚོགས་ཀྱི་འབབ་འཕར་གོམ་སྟབས་ཇེ་མགྱོགས་ལ་སྣེ་ཁྲིད་བྱས་པ། ལ་སྒོ་གྲོང་ཚོའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ལ་སྒོ་གྲོང་ཚོའི་གསར་བརྗེ་ལྟ་སྐོར་གྱི་རྟ་བདལ་བཙུགས་པ་དང་། ད་ལྟ་སྔོན་ཆད་ཀྱི་རྟ10ལྷག་གི་དཔུང་སྡེ་ཆུང་ངུ་ནས་རྟ200ལྷག་གིས་གྲུབ་པའི་རྟའི་རུ་ཁག་ཏུ་འཕེལ་རྒྱས་ཕྱིན་ནས་གྲོང་ཚོ་ཡོངས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། མིག་སྔར། ལ་སྒོ་གྲོང་ཚོའི་མང་ཚོགས130ལྷག་སྒོ་རྩར་ལས་ཞུགས་ཐུབ་པ་དང་དུད་ཚང་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཁྲི10ལས་བརྒལ་ཡོད་ལ། རི་སྔོ་ཆུ་དྭངས་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དེ་རིམ་བཞིན་གསེར་རི་དངུལ་རིར་འགྱུར་ཡོད།

ཏང་འཛུགས་སྐྱོང་གིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ། ལ་སྒོ་གྲོང་ཚོའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ནསུ་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། སྲོང་བཙན་ལ་སྒོ་རི་བོའི་རྣམ་གྲངས་རྒྱལ་ཁའི་ངང་ནང་འདྲེན་བྱས་པ། མ་དངུལ་སྒོར་ཁྲི3000ལྷག་བཏང་ནས་ས་གནས་ཀྱི་ལས་ཞུགས་ལས་གནས16ཐད་ཀར་ཐག་གཅོད་བྱས་པ་མ་ཟད། ད་དུང་རྟ་དང་ལས་མི་བཀོལ་སྤྱོད་དང་། མགྲོན་པོས་ས་གནས་ཁྱད་ཐོན་དངོས་རྫས་ཉོ་སྒྲུབ་སོགས་ཀྱི་རྣམ་པ་བརྒྱུད་ནས་ལ་སྒོ་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་།

  པར་འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོའི་གྲོང་མིས་གཉེར་བའི་བོད་ལུགས་ཁྱིམ་ཚང་མགྲོན་ཁང་གི་རྣམ་པ་རེད།

ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་རྒྱུན་རྣམ་ཅན་ལ་རོགས་འདེགས་བྱས་པ། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ལ་སྒོ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཏང་ཡོན་དང་གཉིས་སྦྲེལ་དུད་ཚང་གི་ཁྱིམ་བདག་གཙོ་བོ་ཡིན་པའི་སྐྱེ་ཁམས་ལས་གནས་མི་སྣ་བེད་སྤྱོད་གང་ལེགས་བྱས་ཏེ། གད་སྙིགས་གཙང་སེལ་དང་རི་ཆུར་སྐོར་ཞིབ། ནགས་ཚལ་སྲུང་སྐྱོང་། འཁྱགས་རོམ་སྲུང་སྐྱོང་སོགས་བྱ་འགུལ་སྤེལ་བ། ལྕགས་དྲ་སྨི3600ལྷག་བསྐོར་བ་དང་ཉེན་བརྡའི་སྦྱར་ཡིག30ལྷག་བཀལ་ནས་རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་གྱིས་འཁྱགས་རོམ་ཡུལ་སྐོར་གྱི་རྒྱུན་མཐུད་རང་བཞིན་ལ་འགན་ལེན་བྱས་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།