ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི་སློབ་གྲྭ་ང་ཡི་ཁྱིམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་སྐྱིད་སྒྲོལ་མ་བོད་ཡིག་གི་སློབ་ཁྲིད་ལ་ཞུགས་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ལོ15ཡིན་པའི་ཚེ་སྐྱིད་སྒྲོལ་མ་ནི་འདམ་གཞུང་རྫོང་སློབ་འབྲིང་གི་སློབ་རིམ་བརྒྱད་པའི་འཛིན་གྲྭ་དྲུག་པའི་སློབ་མ་ཞིག་ཡིན། མོའི་ཁྱིམ་ནི་བོད་ལྗོངས་འདམ་གཞུང་རྫོང་ལུང་རིང་ཤང་མཆོད་རྟེན་གྲོང་ཚོའི་གཉན་ཆེན་གདང་ལ་རི་བོའི་ལྷོ་ཕྱོགས་སུ་གནས་ཤིང་ཆ་སྙོམས་ས་བབ་སྨི་སྟོང་བཞི་ལས་བརྒལ་བ་རེད།

ཚེ་སྐྱིད་སྒྲོལ་མ་དང་འཛིན་གྲྭའི་སློབ་གྲོགས51མཉམ་དུ་རྩྭ་ཐང་ནས་སློབ་གྲྭ་ཡོང་ནས་དེང་རབས་ཅན་གྱི་སྐད་གཉིས་སློབ་གསོ་དང་ལེན་བྱེད་བཞིན་ཡོད།

སློབ་གྲྭ་ནང་ཚེ་སྐྱོད་སྒྲོལ་མ་ཆེས་དགའ་བའི་རིག་ཚན་རྩིས་རིག་ཡིན་པས། མོས“རྩིས་རིག་རྩིས་རྒྱག་ཤེས་ཚེ་རང་ཉིད་ངར་བ་ཞིག་ཡིན་པར་འདོད་ཀྱིན་ཡོད”ཅེས་ཚེ་སྐྱིད་སྒྲོལ་མས་དེ་ལྟར་བཤད།

དགུང་ཚོགས་གྲོལ་རྗེས་ཚེ་སྐྱིད་སྒྲོལ་མ་དང་རང་གི་སློབ་གྲོགས་ཚོ་མཉམ་དུ་ཉལ་ཁང་ནང་འགྲོ་བ་དང་། ཉལ་ཁང་དུ་དགེ་རྒན་གྱིས་བགོས་པའི་ལུས་པོ་སྦྱོར་བརྡར་བྱེད་པའི་འགན་ཁུར་སྒྲུབ་པ་རེད། དེ་ནས་གློག་གཟིམ་རྗེས་ཚེ་སྐྱིད་སྒྲོལ་མས་ཉལ་ཁང་གཅིག་གི་སློབ་གྲོགས་ཚོ་དང་ཁ་བརྡ་ཅུང་ཙམ་བྱས་རྗེས་ད་གཟོད་གཉིད་པ་རེད། མོས་སློབ་གྲྭ་ནི་རང་གི་ཁྱིམ་དང་འདྲ་བ་རེད་ཅེས་བཤད།

ཕྱུགས་འཚོ་བ་དང་ཞོར་ལས་ལ་བརྟེན་ནས་ཚེ་སྐྱིད་སྒྲོལ་མའི་ཕ་མ་གཉིས་ཀྱིས་བུ་བུ་མོ་བཞི་གཉོར་སྐྱོང་བྱེད་པ་དང་། ཕ་ཚེ་བརྟན་རྡོ་རྗེས་ཡིས“ང་ཚོ་ཆུང་དུས་ཁྱིམ་གྱི་ཆ་རྐྱེན་ཞན་པས་སློབ་གྲྭ་འགྲོ་མ་ཐུབ་པ་དང་། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པས་བྱིས་པ་ཚོར་སློར་གྲྭ་བཅུག་ནས་ཤེས་བྱ་སློབ་འཇུག་འདོད་པ་རེད”ཅེས་བཤད། 

བོད་ལྗོངས་ཀྱི་ལོ15གཞུང་གྲོན་སློབ་གསོའི་སྲིད་ཇུས་དང་སློབ་མར་རོགས་སྐྱོང་སྲིད་ཇུས་ཡག་པོ་ལོངས་སྤྱོད་བྱས་པས་ཚེ་བརྟན་རྡོ་རྗེ་ཚང་གི་བྱིས་པ་བཞི་བོར་ཁོས་དཔལ་འབྱོར་ཐོག་གནོན་ཤུགས་ཆེན་པོ་ཁུར་མ་མྱོང་། 

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རོང་འབྲོག་མང་ཚོགས་ཀྱི་བུ་ཕྲུག“སློབ་གྲྭ་འགྲིམ་ན་འགན་ཁུར་མེད”པའི་བྱེད་ཐབས་བཏོན་པས། རོང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གིས་སློབ་གསོ་དང་ལེན་ཆུ་ཚད་ཀྱང་མཐོ་རུ་ཕྱིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་བོད་ལྗོངས་ཀྱིས་ཐེངས་བརྒྱད་ལ་འགྲོ་གྲོན་ཚད་གཞི་མཐོ་རུ་བཏང་ནས། བསྡོམས་པས་སློབ་གསོ་ཐད་མ་དངུལ་སྒོར་དུང་ཕྱུར220.67བཏང་སྟེ་ཕན་ཐོགས་པའི་སློབ་མ་མི་ཐེངས་ཁྲི655.08ཟིན་པ་རེད། མིག་སྔར“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱིས་ལོ་རེར་སློབ་མ་རེའི་འགྲོ་གྲོན་སྒོར4200ཟིན་ནས་སློབ་མ་ཚོས་ལོངས་སུ་སྤྱོད་ཆོག་པའི་རོགས་སྐྱོང་སྲིད་ཇུས་རིགས42ཡོད། །

ཚེ་སྐྱིད་སྒྲོལ་མ(གཡས་གསུམ)སློབ་གྲོགས་ཚོ་དང་ཉལ་ཁང་དུ་ཡོད་པ།

ཚེ་སྐྱིད་སྒྲོལ་མ(དཀྱིལ)ཡིས་སློབ་གྲྭ་ནང་དུ་དྲོས་ཇ་འཐུང་བཞིན་པ།

ཚེ་སྐྱིད་སྒྲོལ་མས(གཡས་གསུམ)སློབ་གྲོགས་ཚོ་དང་ངལ་གསོ་བཞིན་པ།

ཚེ་སྐྱིད་སྒྲོལ་མས་དགེ་རྒན་གྱི་ལན་འདབས་བཞིན་པ། 

ཚེ་སྐྱིད་སྒྲོལ་མས(མདུན)ལུས་པོ་སྦྱོར་བརྡར་བྱེད་བཞིན་པ།

འདམ་གཞུང་རྫོང་སློབ་འབྲིང་གི་སློབ་མ་ཚོས་ཟ་མ་ལེན་བཞིན་པ། 

ཚེ་སྐྱིད་སྒྲོལ་མ(གཡོན)ཡིས་སློབ་གྲོགས་ཚོ་དང་ཁ་བརྡ་བྱེད་བཞིན་པ།

ཚེ་སྐྱིད་སྒྲོལ་མའི་ཨ་མས་བྱིས་པ་ཚོའི་དགའ་རྟགས་བདག་གཉེར་བྱེད་བཞིན་པ།

ཚེ་སྐྱིད་སྒྲོལ་མའི་ཨ་ཕ་སློབ་གྲྭ་ནང་རང་གི་བུ་མོ་ལེན་དུ་ཡོང་པ།

ཚེ་སྐྱིད་སྒྲོལ་མའི་ཨ་ཕས་རང་གི་བུ་མོ་ཁྲིད་ནས་ཡུལ་དུ་འགྲོ་བ། 

ཚེ་སྐྱིད་སྒྲོལ་མ(གཡས)ཡིས་རང་གི་ནུ་མོ་དང་མཉམ་དུ་ཆུ་ལེན་པ།

ཚེ་སྐྱིད་སྒྲོལ་མས(དཀྱིལ)ཡུལ་མི་ཚོ་དང་མཉམ་དུ་ཟ་མ་ཟ་བ།

ཚེ་སྐྱིད་སྒྲོལ་མས(དཀྱིལ)ཡུལ་མི་ཚོ་དང་མཉམ་དུ་ནོར་འཚོ་བ།

ཚེ་སྐྱིད་སྒྲོལ་མ(གཡས)རང་གི་ཨ་ཕ་དང་ནུ་མོ་དང་མཉམ་དུ་ཡོད་པ།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།