ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྙིང་རུས་ཆེན་པོས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་སྟོབས་ལྡན། རྩ་བ་བརྟན་དུ་གཏོང་བ་བཅས་བྱས་ནས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་གོ་གནས་སྔར་བས་བརྟན་དུ་བཏང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་སྔར་བས་སྟོབས་ལྡན་དུ་བཏང་བས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དུས་མམཚམས་རང་བཞིན་གྱི་ཕན་འབྲས་གསར་བ་ཐོབ་ཡོད།
འཐབ་འཛིང་གི་བཙན་རྫོང་བརྟན་པོ་བཙུགས་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་བཀོད་སྒྲིག་དང་ལས་དོན་ནང་དོན། མགོ་ཁྲིད་བྱེད་སྟངས་བཅས་རྒྱུན་མཐུད་གསར་གཏོད་བྱ་ཆེད། གྲོང་ཚོ་རེར་རྩ་འཛུགས་གཅིག་གི་རྨང་གཞིའི་ཐོག ལྗོངས་ཡོངས་ཀྱི“ཟུང་སྦྲེལ་དུད་ཚང”ཁྲི4ལྷག་གི་ཚན་པར་ཏང་རྩ་འཛུགས་བཙུགས་ཡོད་པ་དང་། མཐའ་མཚམས་འགག་སྒོ་དང་ཕྱུགས་འཚོ་ས། སྐོར་ཞིབ་ས་ཚིགས་སོགས་སུ་གནས་སྐབས་ཏང་རྩ་འཛུགས7000ལྷག་བཙུགས་ཡོད། དེ་དང་ཆབས་ཅིག ཆབ་སྲིད་རང་བཞིན་དང་མང་ཚོགས་རང་བཞིན། སྒོ་དབྱེ་རང་བཞིན། ཞབས་ཞུ་རང་བཞིན་འབུར་ཐོན་ཡོང་བར་བྱས། ཉེ་བའི་ལོ་འགའི་རིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར86.67བཏང་ནས་ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱ་འགུལ་སྤེལ་ཡུལ5500ལྷག་གསར་སྐྲུན་རྒྱས་སྐྲུན་བྱས་ཏེ། གཞི་རྩའི་ཆ་ནས་གྲོང་ཚོ་རེ་རེར་རྒྱ་ཁྱོན་ཚད་གཞིར་ལོན་པ་དང་སྒྲིག་བཀོད་ཆ་ཚང་ཡིན་པ། ནུས་པ་གང་འཛོམས། ལམ་ལུགས་འཐུས་ཚང་། གཅིག་གྱུར་ཚད་ལྡན་གྱི་གྲོང་ཚོ་རིམ་པའི་གཡུལ་ས་གཙོ་བོ་ཞིག་ཡོད་པ་མངོན་འགྱུར་བྱུང་ཡོད།
འདེམས་གསོ་དོ་དམ་དང་བཀོལ་སྤྱོད་ལ་ཤུགས་བསྣན་ནས་ཉམས་སད་ཐེག་ཐུབ་པའི་རྐང་འཛིན་སྟོབས་ཤུགས་འཛུགས་པ། ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། ལས་ཐོག་གྲོང་ཚོའི་ལས་བྱེད་པ་དང་གྲོང་གསེབ་དར་སྤེལ་སོགས་ཆེད་གཉེར་མཁན་དང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཕ་ཡུལ་དུ་ལོག་པའི་ཕྱུག་འགྱུར་འཇོན་མི་སོགས་ཕུལ་བྱུང་ཏང་ཡོན་ཁྲོད་འདེམས་པར་མཐོང་ཆེན་བྱས་པ་དང་། ལས་འགན་གལ་ཆེན་ལག་བསྟར་དོན་འཁྱོལ་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་རིགས་མགོ་ཁྲིད་ནང་བདམས་པ། དེ་དང་ཆབས་ཅིག གྲོང་ཚོའི་ལས་དོན་ཆེད་གཉེར་མཁན་གྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ལོ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད་དང་ལོ་གསུམ་གྱི་སྲ་བརྟན་མཐོར་འདེགས་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་པ་མ་ཟད། ད་དུང་གྲོང་ཚོའི་ལས་བྱེད་པ་དང་རོང་འབྲོག་པའི་ཏང་ཡོན། མང་ཚོགས་བཅས་ལ་རྒྱ་ཁྱབ་དུ་བཏང་བ། ལྗོངས་ཡོངས་ཀྱི་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་བཀོལ་སྤྱོད་བྱེད་ཚད་ཀྱི་མི་གྲངས2021ལོའི་སྐབས་བརྗེ་རྗེས་ཀྱི67.8%ནས་ད་ལྟའི79.69%བར་ཇེ་མཐོར་ཕྱིན་ཡོད་ཅིང་། དེའི་ཁྲོད་གྲོང་ཚོའི་ལས་དོན་ཆེད་གཉེར་མཁན་གྱི་བཀོལ་སྤྱོད་བྱེད་ཚད51.9%ནས91.33%བར་ཇེ་མཐོར་ཕྱིན་ཡོད་པ་དང་། གྲོང་ཚོའི་ལས་དོན་ཆེད་གཉེར་མཁན་གྱིས་ལྗོངས་ཕྱིར་རེས་སྐོར་སྦྱོང་བརྡར་ལས་གཞི་སྤེལ་བ། 2019ལོ་ནས2020ལོའི་བར་གྲོང་ཚོའི་ལས་དོན་ཆེད་གཉེེར་མཁན་གྱི་ལྗོངས་ཕྱིར་རེས་སྐོར་སྦྱོང་བརྡར་སྤེལ་བ་ཡོངས་སུ་ཁེབས་ཡོད་ལ། 2021ལོར་རེས་སྐོར་གསར་བའི་ལྗོབས་ཕྱིའི་རེས་སྐོར་སྦྱོང་བརྡར་ལས་དོན་སྤེལ་མགོ་ཚུགས་པ་དང་། མིག་སྔའི་བར་མི8500གསོ་སྦྱོང་བྱས་པ་དང་བསྡོམས་འབོར་གྱི87%ཟིན་ཡོད།
ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་ཚོ་སྟོབས་ལྡན་དམངས་ཕྱུག་གི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ནས། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་གང་ལེགས་བྱས་པ་དང་ཐོན་ཁུངས་ཀྱི་འགན་གཙང་ལེན་དང་སྡེ་ལས་བོགས་གཏོང་། བར་འདུམ་ཞབས་ཞུ། རྒྱུ་ནོར་རྐང་ཞུགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ས་ཁོངས་ཐོན་ལས་མཉམ་འབྲེལ་འཕེལ་རྒྱས་ཀྱི་དགོས་མཁོར་སྔར་བས་འཕྲོད་པར་བྱས། དེ་དང་ཆབས་ཅིག གྲོང་ཚོ་དང་གྲོང་ཚོའི་ཏང་རྩ་འཛུགས་དབར་མཉམ་འབྲེལ་ཏང་ཨུ་འཛུགས་པ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་པ། ལུགས་མཐུན་རྣམ་གྲངས་མེད་པའི་གྲོང་ཚོ་མ་རྐང་ནང་ཞུགས་པའི་ཐབས་ལ་བརྟེན་ནས་ཉེ་འཁོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ནང་ཞུགས་ནས་ཁེ་སྤོགས་བགོ་བཤའ་རྒྱག་པ། ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད། ཚོགས་སྒྲིག་འཕེལ་རྒྱས་བཅས་ལ་སྐུལ་ལྕག་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཐུན་མོང་དཔལ་འབྱོར་མ་དཔེའི་གྲོང་ཚོ་དང་དཔེ་སྲོན་ས་ཚིགས་སྐོར་ཞིག་བཏོད་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་གྲོང་ཚོ5535ཐུན་མོང་དཔལ་བྱོར་ཡོད་པ་དང་དེའི99.89%བཟུང་ཡོད་ཅིང་། དེའི་ཁྲོད་ལོའི་ཡོང་འབབ་སྒོར་ཁྲི5ནས50བར་གྱི་གྲོང་ཚོ2410ཡོད་པ་དང་། སྒོར་ཁྲི50ཡན་གྱི་གྲོང་ཚོ576ཡོད། །