པར་འདི་ནི་བོད་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་ས་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ནི་གཉན་ཆེན་གདང་ལ་རི་བོའི་ལྷོ་ངོས་སུ་གནས་ཤིང་། ཆ་སྙོམས་ས་བབ་སྨི4200ཟིན་ཡོད། དེའི་ས་བབ་ཀྱི་ཁོད་སྙོམས་པོ་དང་ས་རྒྱ་ཆེ་བ། དབྱར་དུས་རྩྭ་ཆུ་གཉིས་འཛོམ་ཡིན་པའི་དབང་གིས“འདམ་གཞུང”ཞེས་པའི་མིང་ཐོགས་ཡོད།
ད་ལོར་ལོ་ན33སོན་པའི་ཡོན་ཏན་ནི་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་གྲོང་མི་ཞིག་ཡིན། ཁོ་རང་གནམ་མཚོའི་ཉེ་འགྲམ་དུ་གནས་པ་དང་ཁྱིམ་དུ་འབྲི་གཡག་བརྒྱ་ལྷག་དང་ལུག་ཉིས་བརྒྱ་ལྷག་ཡོད།
འབྲོག་མི་དུས་ཚིགས་དང་བསྟུན་ནས་གནས་སྤོར་བ་དང་། རྩྭ་ཆུ་དང་བརྟེན་ནས་འཚོ་སྡོད་བྱེད་བཞིན་ཡོད། ལོ་རེའི་ཟླ9པར། ཡོན་ཏན་དང་འབྲོག་མི་གཞན་རྣམས་གནམ་མཚོའི་ལྷོ་ངོགས་ནས་བྱང་ཕྱོགས་སུ་གནས་སྤར་ཏེ་ས་བབ་ཅུང་དམའ་བའི་དགུན་སར་འགྲོ་བཞིན་ཡོད་ལ། སང་ལོའི་ཟླ3པར་ཡང་བསྐྱར་གནམ་མཚོའི་འགྲམ་རྒྱུད་ཀྱི་དབྱར་སར་ལོག་བཞིན་ཡོད།
ཡོན་ཏན་གྱི་དགུན་སར་བདེ་སྡོད་ཁང་བ་བསྐྲུན་ཡོད་པ་མ་ཟད། གློག་དྲ་ཆེན་པོ་དང་ཁྲོན་པ་ཆེན་པོའི་ཡང་རྩྭ་ཐང་འཚོ་བ་སྔར་བས་སྟབས་བདེ་རུ་བཏང་ཡོད། ལོ་མཇུག་ཏུ་ཡོན་ཏན་གྱིས་འབྲི་གཡག8བཤས་གཏོང་བྱ་རྩིས་ཡོད་ལ། དེའི་ཐོག་དབྱར་དུས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་གཟིགས་སྐོར་རླངས་འཁོར་སྐོར་བའི་ཡོང་འབབ་དང་ཁ་གསབ་ཁག་བསྣན་ན། ཡོན་ཏན་བཟའ་མི་ཚང་མའི་ལོ་གཅིག་གི་ཡོང་འབབ་སྔོན་དཔག་བྱས་པ་ལྟར་ན་སྒོར་ཁྲི11ལས་བརྒལ་ཡོད།
ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་རོང་འབྲོག་པའི་བདེ་སྡོད་ལས་གཞི་ལག་བསྟར་བྱས་པ་དང་བསྟུན་ནས། ཡོན་ཏན་ལྟ་བུའི་མཐོ་སྒང་གི་འབྲོག་པ་མང་པོ་ཞིག་གིས་བདེ་སྡོད་ལས་བརྩོན་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། སྔོན་ཆད་གྲང་ངར་ཆེ་བའི་བོད་བྱང་ཐང་གི་དགུན་དུས་དེ་ད་ལྟའི་ཡོན་ཏན་བཟའ་མི་ཚང་མར་མཚོན་ན་དྲོ་སྐྱིད་ལྡན་པའི་དཔྱིད་དུས་དང་གཉིས་སུ་མ་མཆིས། །
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གི་འབྲོག་ར་ཞིག་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གི་འབྲོག་ར་ཞིག་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་འབྲོག་མི་དང་ཟངས་ཁྱིའི་རོལ་རྩེད་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་འབྲོག་མིས་ཕྱུར་བ་སྐམ་པའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་ཡོན་ཏན་གྱི་ཆུང་མས་འོ་མ་བཞོ་བའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་ཡོན་ཏན་གྱི་ཨ་ཕས་ལུག་ཀྱི་གྲངས་འབོར་བརྩི་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོར་འཚོ་བ་རོལ་བའི་འབྲོག་མོ་ཞིག་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་ཡོན་ཏན་གྱི་ཆུང་མ་དང་ཁོ་མོའི་གྲོགས་པོས་ཆུ་སྐོལ་བའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་ཡོན་ཏན་གྱིས་ཕྱུགས་འཚོ་བའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་ཡོན་ཏན་གྱིས་ཉི་ནུས་པང་ལེབ་ཕྱི་བདར་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་འབྲོག་མིའི་འཚོ་བ་གསར་བ་རོལ་བའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སར་འབྲོག་མོ་ཞིག་གིས་ལྕི་བ་བསྡུ་ལེན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་སའི་མཚན་མོའི་རྣམ་པ་རེད།