ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གློག་བརྟན་པ། ཐོན་ལས་དར་བ། མང་ཚོགས་ཕྱུག་པ། གྲོང་ཚོ་མཛེས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——རྒྱལ་ཁབ་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་མཁོ་འདོན་འགན་ལེན་བྱུང་བའི་བོད་ལྗོངས་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་སྐོར་བཀོད་པ།

bb42618e-61a9-4af5-a79a-819b4ac77ff9.jpg

ད་ཆའི་འཁོར་ཆགས་གྲོང་ཚོ་ཉིན་མོར་མཛེས་སྡུག་ལྡན་པ་དང་མཚན་མོར་གློག་སྒྲོན་གྱིས་བརྒྱན་ཞིང་། མང་ཚོགས་ཚོར་གློག་བརྟན་པོ་སྤྱོད་རྒྱུ་བྱུང་བ་དང་། དྭངས་གཙང་གི་ཀ་ལའི་ཆུ་འཐུང་རྒྱུ་བྱུང་བ། ལག་ཐོགས་ཁ་པར་གྱི་བརྡ་རྟགས་གསལ་བ་བཅས་བྱུང་ཞིང་། འདི་ནི་འཁོར་ཆགས་གྲོང་ཚོ་ཡིན་པ།

82208184-7d7b-4181-81b6-0846f4cf8544.jpg

སྒོར་གཞས་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་ཞིག་ཡིན་ཞིང་། འདི་ནི་སྤུ་ཧྲེང་རྫོང་གི“མ་ཕམ་གཡུ་མཚོའི་ཡུལ་སྐོར་རིག་གནས་དུས་ཆེན”ཐོག་ཡུལ་དེའི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་སྒོར་གཞས་འཁྲབ་བཞིན་པ།

6820e816-721f-4771-972f-838f497b4c7d.jpg

འཁོར་ཆགས་གྲོང་ཚོར་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་སྤུ་ཧྲེང་གི“ཤོན”གྱི་རྒྱན་གོས་དེར་མིག་སྔར་ཉར་ཚགས་ཆ་ཚང་བའི་རྒྱན་གོས་8ལས་མེད་པ་དང་རྒྱན་གོས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་ཞིང་། འདི་ནི་ཡུལ་དེའི་བུད་མེད་ཀྱིས་གྱོན་པའི་སྤུ་ཧྲེང་གི“ཤོན”གྱི་རྒྱན་གོས་ཡིན་པ།

63323a1f-34ea-405b-87ed-1cce6726711f.jpg

གློག་དྲ་དང་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བས་ཕྲུ་གུ་ཚོས་ཐབས་ལམ་མང་པོ་བརྒྱུད་ཆ་འཕྲིན་དང་སློབ་སྦྱོང་གི་ཤེས་བྱ་བསྡུ་ལེན་ཐུབ་ཅིང་། འདི་ནི་འཁོར་ཆགས་གྲོང་ཚོའི་སྐད་གཉིས་བུ་བཅོལ་ཁང་དུ་ཕྲུ་གུ་ཚོ་རྩེད་མོ་རྩེ་བཞིན་པ།

c4533035-d28d-4727-9bcd-e5c3b052fc74.jpg

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་གནས་པའི་གངས་རིན་པོ་ཆེ་ནི་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན། མངའ་རིས་ཀྱི་དྲ་སྦྲེལ་ལས་གྲྭའི་ལམ་རྒྱུད་ཁུལ་དུ་བདེ་འཇགས་དང་བློས་འཁེལ་གྱི་གློག་དྲ་ཆེན་པོས་ཡུལ་དེའི་ཡུལ་སྐོར་ལས་རིགས་ལ་ཕན་པ་ཆེན་པོ་བསྐྲུན་ཞིང་། འདི་ནི་གངས་རིན་པོ་ཆེ་ཡིན་པ།

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གནས་པའི་འཁོར་ཆགས་གྲོང་ཚོ་2019ལོར་ཁག་ལྔ་པའི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོའི་ནང་ཚུད་ཅིང་། “གནའ་བོའི་གྲོང་ཚོ་དེར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་གནའ་བོའི་འཁོར་ཆགས་ཀྱི་ལྷ་མོ་ད་བར་རྒྱུན་འཛིན་ཐུབ་ཡོད། 2020ལོའི་གོང་། སྤུ་ཧྲེང་རྫོང་གིས་གཙོ་བོ་ཆུ་ཤུགས་གློག་ཁང་ཆུང་གྲས་གཉིས་ལ་བརྟེན་ནས་གློག་གཏོང་གི་ཡོད་པས། དགུན་ཁར་གཙང་པོར་འཁྱག་པ་ཐེབས་ནས་རྒྱུན་དུ་གློག་ཆད་ཀྱི་ཡོད”ཅེས་འཁོར་ཆགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱ་མཚོས་ངོ་སྤྲོད་བྱས་པ་རེད།

2020ལོའི་ཟླ་12པར། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་གྱི་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ་དང་སྦྲགས། ཐག་རིང་གི་མངའ་རིས་ས་ཁུལ་དུ་རྒྱལ་ཡོངས་ཀྱི་གློག་དྲ་སྦྲེལ་མཐུད་ཐུབ་ནས་འཁོར་ཆགས་གྲོང་ཚོར་རྒྱུན་དུ་གློག་ཆད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ་རེད།

འཁོར་ཆགས་གྲོང་ཚོའི་གཙང་སྦྲ་དོད་པའི་ཁྲོམ་གཞུང་དུ་སྐྱོད་སྐབས་ལམ་འགྲམ་གྱི་བོད་བཟོའི་ཁང་པ་དཀར་པོ་སྟར་པ་རེ་རེ་གྲལ་འགྲིག་ལ། རྒྱལ་སྒོའི་མདུན་དུ་ཉི་མ་སྲོ་བཞིན་པའི་རྒན་རྒོན་ཚོའི་ངོ་གདོང་ནས་འཛུམ་མདངས་འཕྱུར་འོང་། སྨི་ངོས་གྲུ་20ཟིན་པའི་བཟོ་ཁང་ཆུང་ཆུང་ཞིག་ཏུ་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་མས་འཐག་ཟིན་པའི་རྩམ་པ་དོ་པོ་གྲལ་སྒྲིག་པོར་འཇོག་བཞིན་འདུག “ང་ཚོའི་དེ་ག་ནི་གྲོང་ཚོའི་བུད་མེད་མཉམ་ལས་ཁང་ཡིན་པ་དང་དེར་གཙོ་བོ་རྩམ་པ་དང་། སྲན་ཞིབ། པད་ཁའི་སྣུམ་བཅས་ལས་སྣོན་བྱ་རྒྱུའི་འགན་འཁུར་གྱི་ཡོད། 2014ལོར་བཙུགས་པའི་འཁོར་ཆགས་གྲོང་ཚོའི་བུད་མེད་མཉམ་ལས་ཁང་ལ་ལོ་གཅིག་ལ་ཁེ་བཟང་སྒོར་ཁྲི་བཅུ་གྲངས་ཁ་ཤས་ཟིན་ནས་བུད་མེད་50ལྷག་ཙམ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད”ཅེས་བསྟན་འཛིན་མས་བརྗོད།

ད་ཕན་ལོ་ཤས་རིང་། འཁོར་ཆགས་གྲོང་ཚོས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་གོམ་སྟབས་མགྱོགས་སུ་དང་བརྟན་དུ་བཏང་ཞིང་། དེ་ལས“གློག་དཀོན་པའི་གནད་དོན”རྦད་དེ་ཐག་གཅོད་ཐུབ་པ་མ་ཟད། ད་དུང་སྣུམ་ནག་ལམ་དང་ཆུ་ཀ་ལ་ཤར་གཏོང་ཐུབ་པ་དང། སྐད་གཉིས་བུ་བཅོལ་ཁང་དང་སྨན་དོན་ཁང་གསར་འཛུགས་སོགས་བྱས་པ། རླུང་འཕྲིན་བརྙན་འཕྲིན་དང་ལག་ཐོགས་ཁ་པར་གྱི་བརྡ་རྟགས་རྦད་དེ་ཤར་གཏོང་ཐུབ་པ། ཞིང་འབྲོག་པ་མཉམ་ལས་སྨན་བཅོས་ཀྱི་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད་པ་རེད།

འཕོ་འགྱུར་ཆེན་པོ་བྱུང་བའི་འཁོར་ཆགས་གྲོང་ཚོ་དེ་མཐའ་མཚམས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ལ། ནུས་རྒྱུའི་ཐོན་ལས་དབུལ་སྐྱོར་ལས་མི་རིགས་ས་ཁུལ་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་པ། གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། ཐག་རིང་གི་གྲོང་ཚོ་མང་པོ་ཞིག་ལ་བདེ་སྐྱིད་ཀྱི་གློག་སྒྲོན་སྤར་ནས། ཐོན་ལས་དར་བ་དང་། ཞིང་པ་འབྱོར་ཕྱུག གྲོང་ཚོ་མཛེས་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་རིམ་གྱིས་མངོན་འོང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།