ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི42ལྷག་ཟིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་42.67ཟིན་པ་དེ་དུས་མཚུངས་ལས་11.65%འཕར་བ་དང་། ཁྲོམ་རའི་བྱེད་པོ་བསྡོམས་འབོར་དེ་སྒྲིག་གཞི་སྒྱུར་བཅོས་མ་བྱས་གོང་གི་2018ལོ་ལས་ལྡབ་གཅིག་འཕར་ཡོད།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། རིམས་ནད་ཀྱི་རྡབ་རྡེག་མདུན་དུ་ཐབས་མང་མཉམ་སྤྱོད་ཀྱིས“སྲིད་གཞུང་དང་དངུལ་ཁང་སྦྲེལ་མཐུད”དང“དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད”ཀྱི་ལས་སྟེགས་རང་འགུལ་ངང་བསྐྲུན་ཏེ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་པས་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་བརྟན་པོའི་ངང་འཕར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།