པར་འདི་ནི་རྫོང་དེའི་ཞིང་འབྲོག་མང་ཚོགས་ཚོས་མལ་གྲོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།
པར་འདི་ནི་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གི་ཕོ་གཞོན་ཚོས་རྟ་རྩལ་ངོམ་བཞིན་པ།
པར་འདི་ནི་བགྲེས་སོང་ཞིག་གིས་ཡུལ་སྐོར་བར་མལ་གྲོའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོའི་འབག་ངོ་སྤྲོད་བྱེད་བཞིན་ཡོད་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྲོང་བཙན་རིག་གནས་དུས་ཆེན་དང་པད་ཁའི་མེ་ཏོག་དུས་ཆེན་སྐབས་ལྔ་པ་གཉེར་བ་རེད། ཐེངས་འདིའི་བྱེད་སྒོར་་ཡུལ་སྐོར་དང་ལུས་རྩལ་དང་། ཡུལ་སྐོར་དང་རིག་གནས། ཡུལ་སྐོར་དང་ཞིང་འབྲོག་ལས་ཟུང་འབྲེལ་ཧུར་ཐག་བྱས་ཏེ། ཐོན་ལས་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་དང་བསམ་ཕྱོགས་གཞིར་བཟུང་། མལ་གྲོ་གུང་དཀར་རྫོང་གིས་དམངས་སྲོལ་རོལ་དབྱངས་འདུ་ཚོགས་དང་། མི་རིགས་ཀྱི་སྲོལ་རྒྱུན་སྒོར་གཞས་འཁྲབ་པ། རྟ་རྒྱུག་དང་གཡག་རྒྱུག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས། མལ་གྲོ་གུང་དཀར་རྫོང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་དང་། མཚར་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་སྐྱེ་བོ་མང་པོའི་སྤྱན་ལམ་དུ་བཤམས་ཡོད། །
པར་འདི་ནི་བུ་དང་བུ་མོ་མཉམ་འདྲེས་ཀྱིས་ཐག་འཐེན་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།
པར་འདི་ནི་མལ་གྲོ་གུང་དཀར་རྫོང་གི་ཕོ་རྒོད་ཅིག་གིས་རྒྱ་མ་200ཟིན་པའི་རྡོ་རིལ་བཀྱགས་ནས་སྐོར་བ་རྒྱག་བཞིན་པ།
པར་འདི་ནི་མལ་གྲོ་གུང་དཀར་རྫོང་གི་ཐུན་མོང་མ་ཡིན་པའི་གཡག་རྒྱུག་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།