—— ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་སྐོར་བཀོད་པ།
ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ལོང་བ་དང་། འོན་ལྐུགས། ཤེས་སྒྲིབ་བཅས་ཀྱི་སློབ་མ་གསོ་སྐྱོང་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་རེད། སློབ་གྲྭས་ལྗོངས་ཡོངས་ཀྱི་ལོང་བ་དང་། འོན་ལྐུགས། ཤེས་སྒྲིབ་བཅས་ཀྱི་བྱིས་པར་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་བསྐྲུན་གྱི་ཡོད་སྟབས། བོད་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་རྒྱུས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་པ་ཞིག་རེད།
སློབ་གྲྭ་བཙུགས་ཚུན། སློབ་གྲྭ་དེ་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོན་པ་མ་ཟད། ད་དུང་བོད་ཀྱི་སློབ་ཆེན་སློབ་མ་འོན་པ་ཁག་དང་པོ་ཡང་གསོ་སྐྱོང་བྱས་པ་རེད། 2021ལོའི་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ཐོག སློབ་གྲྭ་དེའི་ལུས་རྩལ་པ་ལོང་བ་སྤེན་པ་སྒྲོལ་མས་རོགས་ཟླ་དང་མཉམ་ལས་ཡག་པོ་བྱས་ཏེ། PR3རིམ་པའི་སྨི་2000ཡི་བུད་མེད་ཀྱི་མི་གཉིས་སྐྱ་གཅིག་རྣམ་གྲངས་ཀྱི་དངུལ་གྱི་རྟགས་མ་བླངས་པ་དེ་ལས། བོད་ལྗོངས་ལ་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་ཐོབ་མྱོང་མེད་པ་དེ་ལོ་རྒྱུས་སུ་གྱུར་ཡོད།
ལྷ་ས་དམིགས་བསལ་སློབ་གྲྭའི་ཏང་ཀྲི་པུས་མཁྲེགས་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2018ལོ་ནས་བཟུང“སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་རྟེན་གཞི”ཧུར་ཐག་བཏོད་པ་དང་། ནང་དོན་གྱི་ཁོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་བབ་ཤེས་རྟོགས། ཏང་གི་རྗེས་སུ་འབྲང་བ་སོགས་ཕྱོགས་བདུན་ཚུད་ཡོད། སློབ་གྲྭའི་ཏང་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་ཤུགས་ཆེན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གྲྭར་ཁྱབ་གདལ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ཁར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་ལ་དམིགས་ཏེ། སློབ་གྲྭའི་དྲིལ་བསྒྲཌ་ཡིག་སྒྲོམ་བཙུགས་པ་དང་འབྲེལ། ཏང་འཛུགས་སྐྱོང་གི་རིག་གནས་དྲིལ་བསྒྲགས་དེ་ཟ་ཁང་དང་། ཉལ་ཁང་། སློབ་ཁྲིད་ཐོག་ཁང་། གཞུང་ལས་ཁང་སོགས་སུ་སྣུར་སྲིང་བྱས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་རྒྱུན་གཏན་གྱི་སློབ་སྦྱོང་དང་། ལས་དོན། འཚོ་བ་བཅས་ཀྱི་ཁྲོད་ནས་ཏང་འཛུགས་སྐྱོང་དང་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱས་པ་མ་ཟད། ཏང་འཛུགས་སྐྱོང་གི་རིག་གནས་དངོས་འབྲེལ་སེམས་ལ་ཟུག་པར་བྱས་ཡོད། “ཡོད་པ་དགུའི”ཚད་གཞི་ལྟར་ཏང་ཡོན་གྱི་བྱེད་སྒོ་ཁང་བསྐྲུན་ཞིང་། ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དེ་ཆབ་སྲིད་ཁྲིད་སྟོན་དང་། ཏང་ཡོན་ལ་ཞབས་ཞུ། མི་སེམས་གཅིག་སྒྲིལ། མི་རིགས་མཐུན་སྒྲིལ། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་། རིག་གནས་བྱེད་སྒོ་བཅས་ཀྱི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བར་བྱས་ཡོད། “ཀྲི་པུའི་བཙན་རྫོང་དང་། བྱང་ཚད་མཐོར་གཏོང་། ཏང་ཡོན་གདོང་ལེན་པ། ཏང་འཛུགས་སྐྱོང་གི་དཔེ་སྟོན”བཅས་ཀྱི“འདུ་འགོད་ཆེན་པོ་བཞི”ལག་བསྟར་ཤུགས་ཆེན་བྱས་ཏེ། ཏང་འཛུགས་སྐྱོང་གི་ལས་དོན་དང་སློབ་གྲྭའི་ལྟེ་བའི་ལས་དོན་ཁག་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཡོད། སློབ་གསོ་སློབ་ཁྲིད་བྱེད་རིང“ཏང་ཡོན་གཅིག་ནི་དར་ཆ་གཅིག”ཡིན་པའི་ནུས་པ་གང་ལེགས་བཏོན་ཞིང་། སློབ་གྲྭའི་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱེད་པ་དང་། མཐུན་སྒྲིལ་ནུས་ལྡན་གྱི་འགོ་ཁྲིད་ཚན་ཁག་འཛུགས་གཏོད་བྱེད་པ། ཀྲི་པུའི་ལམ་ལུགས་ཁག་ཚད་ལྡན་དུ་གཏོང་བ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བར་སློབ་མ་དང་། ཁྱིམ་བདག སྤྱི་ཚོཌ་བཅས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།
སྔར་སོང་ལ་ཕྱིར་མིག་ལྟ་སྐབས། ལྷ་ས་དམིགས་བསལ་སློབ་གྲྭས་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་རིང་། རྒྱུན་འཛིན་བྱེད་ཀྱིན་གསར་གཏོད་བྱེད་པ་དང་འཕེལ་རྒྱས་གཏོང་གིན་ཚད་བརྒལ་ཡོང་ཐབས་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ལྷ་ས་དམིགས་བསལ་སློབ་གྲྭའི་ཏང་ཀྲི་པུས་ནུས་པ་དེ་བས་ཡག་པོ་བཏོན་ཏེ། སློབ་གྲྭའི་མི་སྣ་གསོ་སྐྱོང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་གཏོང་ངེས་རེད། །