ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དྭངས་གཙང་ཉང་ཆུ་མཉམ་དུ་སྲུང་། མཛེས་པའི་སྐྱེ་ཁམས་མཉམ་དུ་སྤྱོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c8d013c0-6d93-4957-b053-11b1def2b56a.jpg

འདི་ནི་བྱེད་སྒོ་སྤེལ་མཇུག་འགྲིལ་རྗེས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོས་དྲན་རྟེན་པར་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཏང་ཀྲི་པུས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཐོག་མའི་བསམ་འདུན་ལག་བསྟར་གྱིས། ངལ་རྩོལ་པ་མཛེས་ཤོས་དང་བདེ་སྐྱིད་ཁྱིམ་གཞིས་སྲུང་མཁན་ཧུར་ཐག་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་བའི་ཉིན་དེར་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོས་བྲག་ཡིབ་ཆུས་གྲོང་ཁུལ་དུམ་བུའི་ཉང་ཆུའི་ངོགས་གཉིས་སུ་རྐང་འཁོར་བཞོན་ནས་ཆུ་རགས་སྤྱི་ལེ་20ལྷག་ཙམ་ལ་སྐོར་ཞིབ་དང་། ལམ་རྒྱུད་ཆུ་རགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཆུ་ལམ་གྱི་གད་སྙིགས་ཏུན་0.8གཙང་ཕྱགས་བཅས་བྱས་ནས་རི་བོ་སྔོ་ལྗང་དང་ཆུ་བོ་དྭངས་གཙང་གི་ཁོར་ཡུག་བཏོད་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།