འདི་ནི་མཉམ་ལས་ཁང་གི་འཕྲུལ་འཁོར་གྱིས་རྨོ་འདེབས་བྱེད་བཞིན་པའི་ཚུལ་རེད།
འདི་ནི་འཕྲུལ་འཁོར་ཁ་ལོ་བ་མིག་དམར་རེད།
འདི་ནི་ཞིང་བས་འཕྲུལ་འཁོར་བརྒྱུད་དེ་རྨོ་འདེབས་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཞིང་བས་འཕྲུལ་འཁོར་སྤྱད་དེ་རྨོ་འདེབས་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཞིང་བས་འཕྲུལ་འཁོར་སྤྱད་དེ་རྨོ་འདེབས་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཞིང་བས་རྨོ་འདེབས་བྱེད་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ལྷུན་གྲུབ་རྫོང་གིས་ཞིང་འཕྲུལ་མཉམ་ལས་ཁང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་ནས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་། གཟན་རྩྭ་བསྡུ་ལེན་འཕྲུལ་འཁོར། རྩི་ཤིང་སྲུང་སྐྱོང་འཕྲུལ་འཁོར་སོགས་ཀྱི་ཞིང་འཕྲུལ་སྣ་ཚོགས་བེད་སྤྱད་དེ་ཞིང་ལས་འཕྲུལ་ཆས་ཅན་ལ་ཞབས་འདེགས་བྱས་པ་མངོན་འགྱུར་བྱུང་ནས་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་ལ་འགྱུར་ལྡོག་བཏང་བས་ངལ་རྩོལ་ནུས་ཤུགས་མི་འདང་བའི་དཀའ་ངལ་སེལ་བ་མ་ཟད། ངལ་རྩོལ་ནུས་ཤུགས་ཕྱི་རོལ་དུ་ལས་ཞུགས་བྱེད་ཐུབ་པ་བྱུང་།
ལྷུན་གྲུབ་རྫོང་གི་ཞིང་ལས་གྲོང་གསེབ་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོའི་ཟླ6པའི་བར། ལྷུན་གྲུབ་རྫོང་གི་ཞིང་འཕྲུལ་སྒྲིག་ཆས་ཀྱི་སྤྱི་འབོར28994ཟིན་པ་དང་། སྒུལ་ཤུགས་འཕྲུལ་ཆས་དང་སྒུལ་ཤུགས་མིན་པའི་འཕྲུལ་ཆས་ཆ་སྡེབ་བྱེད་ཚད85%ཟིན་ཞིང་། འདེབས་འཛུགས་ལས་རིགས་འཕྲུལ་ཆས་ཅན་གྱིས95.6%ཟིན་ལ། འབྲུ་རིགས་ལོ་ཏོག་གཙོ་བོའི་འདེབས་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད83%ཡས་མས་རྒྱུན་འཁྱོངས་བྱས་ཤིང་། རྫོང་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང21དང་ལོ་རེའི་ལས་སྒྲུབ་ཞབས་ཞུའི་རྒྱ་ཁྱོན་མུའུ་ཁྲི11ལྷག་ཟིན་ནས་དུད་ཚང1500ཙམ་ལ་སྣེ་ཁྲིད་བྱས་ཡོད།
ལྷུན་གྲུབ་རྫོང་གི་དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གི་ཁྲིམས་མི་མིག་དམར་གྱིས“མཉམ་ལས་ཁང2008ལོར་བཙུགས་པ་དང་། མཉམ་ལས་ཁང་ནང804རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར11དང་། 1204རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར4། བརྔ་བསྡུ་འཕྲུལ་འཁོར5བཅས་བསྡོམས་པས20ཡོད། མིག་སྔའི་བར་དུ་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི80ལྷག་ཙམ་ཟིན་ནས་གཉེར་སྐྱོང་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་བཟང་པོ་ཐོན་ཡོད”ཅེས་བཤད།
ལྷུན་གྲུབ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། དེར་རྨོ་ཞིང་བསྡོམས་པས་མུའུ་ཁྲི23ཡོད་པ་དང་། གཙོ་བོ་གྲོ་དང་ནས། པད་ཁ། ཞོག་ཁོག་སོགས་ཐོན་སྐྱེད་བྱེད་བཞིན་ཡོད་པས་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཞིག་ཡིན། །