ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ཉིང་ལྕགས་ལམ་གྱི་དམིགས་བསལ“འགྲུལ་པ”

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8601a18b87d6277fdba3bd3ea38f933ae824fc41.jpeg

པར་འདི་ནི་བསོད་ནམས་དབང་གྲགས་ཀྱིས་མེ་འཁོར་ནང་འགྲུལ་བ་གཞན་དག་དང་ཁ་ཏ་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་ནི་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན་ཞིང་། བསྐྱར་དར་རྟགས་ཅན་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་བསོད་ནམས་དབང་གྲགས་ཀྱིས་ལས་རོགས་དང་ངལ་གསོ་བརྗེ་རྗེས་བཟའ་ཟླ་དང་བུ་མོ་ཁྲིད་ནས་བསྐྱར་དར་རྟགས་ཅན་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ལྷ་ཉིང་ལྕགས་ལམ་གྱི་སྟབས་བདེ་ཉམས་སུ་མྱངས། འདི་ལོ་ལོ་35ལ་སླེབས་པའི་བསོད་ནམས་དབང་གྲགས་ནི་ལྷ་ཉིང་ལྕགས་ལམ་གྱི་བསྐྱར་དར་རྟགས་ཅན་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་སོང་རིང་། ཁོང་གིས་གཞུང་དོན་དུ་ཐེངས་286ཕྱིར་ཐོན་བྱས་པ་དང་བདེ་འཇགས་ངང་སྤྱི་ལེ་52391བསྐྱོད་པ་རེད། །

267f9e2f07082838773f72a1322e250b4d08f193.jpeg

འདི་ནི་བསོད་ནམས་དབང་གྲགས་གིས་ལོ་དྲུག་ལ་སོན་པའི་བོད་རིགས་བུ་མོ་ཆུང་ཆུང་སྒྲོལ་མར་བསྐྱར་དར་རྟགས་ཅན་ཤུགས་འགྲེམས་མེ་འཁོར་གྱི་གཏམ་རྒྱུད་བརྗོད་བཞིན་པ།

cc11728b4710b9121ba219ed4c4a700993452280.jpeg

པར་འདི་ནི་བསོད་ནམས་དབང་གྲགས་རེད།

3bf33a87e950352a215a724bd9f477f8b3118bf8.jpeg

འདི་ནི་བསོད་ནམས་དབང་གྲགས་བཟའ་མི་ཡོངས་ཀྱིས་ལྷ་སའི་མེ་འཁོར་འབབ་ཚུགས་སུ་མཉམ་པར་རྒྱག་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།