ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་པ་གསར་བ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5073445b-6437-498f-af90-833c2a579fee.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ཡངས་རི་སྒང་གྲོང་ཚོའི་རྣམ་པ་གསར་བ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མཛེས་སྡུག་ལྡན་པའི་ཞིང་སྡེ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་འཛུགས་སྐྲུན་ལས་གཞི་ནི་བོད་ལྗོངས་ཀྱིས་གྲོང་གསེབ་དར་སྤེལ་ཐབས་ཇུས་ལག་བསྟར་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། 

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཞིང་སྡེའི་རྣམ་པ་ལེགས་བཅོས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་ཐད་མགྱོགས་མྱུར་ངང་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་ཐོན་པ་དང་། ཞིང་སྡེའི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་བ་རེད། “མཛེས་སྡུག་ལྡན་པའི་ཞིང་སྡེ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་འཛུགས་སྐྲུན་ལས་གཞི་ཡི་གཞི་རྩའི་དམིགས་འབེན་ནི་ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་ཆུ་ཚད། ཚད་གཞི། རིམ་པ་བཅས་ཡུལ་བབ་དང་བསྟུན་ནས་མི་འདྲ་བ་དང་མཐོ་དམའ་ཡོད་པའི་གནས་ཚུལ་ལེགས་སྒྲིག་བྱེད་པ་དང་། གཙོ་གནད་ནི་གཞི་རྩའི་བྱེད་ནུས་ལ་འགན་སྲུང་དང་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། 

“མཛེས་སྡུག་ལྡན་པའི་ཞིང་སྡེ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཞིང་སྡེའི་ཁང་བའི་སྒྲིག་བཀོད་སྔར་བས་ཇེ་ལེགས་སུ་བཏང་བ་དང་། མང་ཚོགས་ཀྱི་སྡོད་ཁང་སྤུས་ཚད་ལེགས་སྒྲིག་བྱས་ནས་མི་དང་སྒོ་ཕྱུགས་ལོགས་སུ་འབྱེད་པ་མངོན་འགྱུར་བྱུང་ལ་། རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་སྔར་བས་ལེགས་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་ཧུར་ཐག་རང་བཞིན་ལ་སྐུལ་སློང་བཅས་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་མཐོར་འདེགས་སུ་བཏང་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།