པར་འདི་ནི་ནག་ཆུ་གྲོང་ཁྱེར་དགའ་བདེ་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་དོན་པས་འཁོར་ཁང་ནང་ལས་ཀ་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པས་འབྲོག་ལས་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་ཡོད། སྣེ་འདྲེན་ཁེ་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྣེ་འདྲེན་ཁེ་ལས་དང་ཞིང་དུད་དང་རྟེན་གཞིའི་དབར་གྱི་འབྲེལ་བ་བརྟན་དུ་གཏོང་བ་དང་། རིན་གོང་ཁ་གསབ་ཀྱི་བྱ་ཐབས་ཡག་པོ་སྤྱོད་པ། ལག་རྩལ་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྣེ་འདྲེན་ཁེ་ལས་དང་འབྲོག་དུད་དབར་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་ཚོང་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཆགས་པར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་སོགས་བྱེད་ཐབས་སྤྱད་པ་བརྒྱུད་འབྲོག་པར་འབབ་འཕར་བརྟན་པོ་བྱུང་ཡོད། །