ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་སི་ཁྲོན་ལམ་དུམ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།


འདི་ནི་ཟླ11པའི་ཚེས28ཉིན་མའོ་རྫོང་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱིས་ཐང་ཆེན་དུ་ལྕགས་ལམ་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་སི་ཁྲོན་ལམ་དུམ་ཆིན་པེ་ཅང་ཤར་ནས་ཀྲུན་ཅང་ཀོན་བར་ཤར་གཏོང་བྱས་པ་རེད། ལམ་དུམ་དེའི་ལྕགས་ལམ་ལ་བསྡོམས་པས་འབབ་ཚིགས10ཡོད་པ་དང་། ཁྲེང་ཏུའུ་ནས་མགོ་བརྩམས་པ་དང་ལམ་དུ་སན་ཞིན་ཏུའེ་དང་། ཧྲུའུ་ཧྥང་ནུབ། མེན་ཀྲུའུ་ལྷོ། ཨན་ཀྲུའུ། ཀའོ་ཁྲོན། མའོ་རྫོང་སོགས་རྒྱུ་པ་དང་། དེ་ནས་ས་བབ་སྨི2503ཟིན་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་ཀྲུན་ཅང་ཀོན་འབབ་ཚིགས་སུ་ཐོན་པ་རེད།

རྒྱུས་ལོན་ལྟར་ན། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་སི་ཁྲོན་ལམ་དུམ་ཆིན་པེ་ཅང་ཤར་ནས་ཀྲུན་ཅང་ཀོན་ལམ་དུམ་ནི“འཕྲེད་གཞུང་བརྒྱད”མྱུར་བགྲོད་ལམ་དྲ་ལན་ཀྲུའུ་དང་། ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་གྲུབ་ཆ་གལ་ཆེན་ཡིན། འགྲམ་རྒྱུད་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཞིང་ཨར་ལས་བྱེད་དཀའ་བས། འཛུགས་སྐྲུན་ནང་ཞུགས་པའི་སྡེ་ཚན་གྱིས་སྤུས་ལེགས་དང་ནུས་མཐོ་ཡིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྣམ་གྲངས་དུས་ལྟར་འཛུགས་སྐྲུན་ཟིན་པར་འགན་ལེན་བྱས། ལམ་ཐིག་དེ་ཤར་གཏོང་འཁོར་སྐྱོད་བྱས་རྗེས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་དངོས་སུ“སྒུལ་འཁོར་དུས་རབས”ནང་བསྐྱོད་པ་དང་། འགྲམ་རྒྱུད་མི་རིགས་སོ་སོའི་མང་ཚོགས་ཕྱིར་བསྐྱོད་པར་སྟབས་བདེ་བཟོས་པ་མ་ཟད་འགྲམ་རྒྱུད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་སྐུལ་འདེད་བྱས་ཡོད། །


པར་འདི་ནི་ཟླ11པའི་ཚེས28ཉིན་སྒུལ་འཁོར་ཐེངསC6008མའོ་རྫོང་འབབ་ཚིགས་སུ་ཐོན་པའི་ཚུལ་རེད།

འདི་ནི་ཟླ11པའི་ཚེས28ཉིན་སྒུལ་འཁོར་ཐེངསC6008སི་ཁྲོན་ནས་མཚོ་སྔོན་ལྕགས་ལམ་ལམ་དུམ་ནང་བསྐྱོད་བཞིན་པའི་ཚུལ་རེེད།

འདི་ནི་ཟླ11པའི་ཚེས28ཉིན་སྒུལ་འཁོར་ཐེངསC6008སྟེང་རྔ་བ་ནས་ཡོང་བའི་འཁྲབ་སྟོན་པས་འགྲུལ་བར་དྲན་རྟེན་ལེགས་སྐྱེས་འབུལ་བཞིན་པའི་ཚུལ་རེད།


འདི་ནི་ཟླ11པའི་ཚེས28ཉིན་མའོ་རྫོང་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱིས་ཐང་ཆེན་དུ་ལྕགས་ལམ་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ་བཞིན་པའི་ཚུལ་རེད།


འདི་ནི་ཟླ11པའི་ཚེས28ཉིན་སྒུལ་འཁོར་ཐེངསC6008སྟེང་རྔ་བ་ནས་ཡོང་བའི་འཁྲབ་སྟོན་པས་འགྲུལ་བ་ཚོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།


འདི་ནི་ཟླ11པའི་ཚེས28ཉིན་མའོ་རྫོང་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱིས་ཐང་ཆེན་དུ་སྒུལ་འཁོར་དཔེ་དབྱིབས་དང་མཉམ་པར་རྒྱག་བཞིན་བཞིན་པའི་ཚུལ་རེད།

འདི་ནི་ཟླ11པའི་ཚེས28ཉིན་མའོ་རྫོང་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱིས་འགྲུལ་བ་ཚོ་དང་མཉམ་པར་བརྒྱབ་ནས་ལྕགས་ལམ་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ་བཞིན་པའི་ཚུལ་རེད།

འདི་ནི་ཟླ11པའི་ཚེས28ཉིན་ཁྲེང་ཏུའུ་གྲོང་ཁྱེར་སི་ཁྲོན་ལམ་དུམ་ཆིན་པེ་ཅང་ཁུལ་ནང་ཁུལ་དུ་རྒྱུ་བཞིན་པའི་སྒུལ་འཁོར་རེད། 


འདི་ནི་ཟླ11པའི་ཚེས28ཉིན་སྒུལ་འཁོར་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ནང་རྒྱུ་བཞིན་པའི་ཚུལ་རེད། 

འདི་ནི་ཟླ11པའི་ཚེས28ཉིན་ཁྲེང་ཏུའུ་གྲོང་ཁྱེར་སི་ཁྲོན་ལམ་དུམ་ཆིན་པེ་ཅང་ཁུལ་ནང་ཁུལ་དུ་རྒྱུ་བཞིན་པའི་སྒུལ་འཁོར་རེད། 


འདི་ནི་ཟླ11པའི་ཚེས28ཉིན་བར་སྣང་ནས་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་སན་ཞིན་ཏུའེ་འབབ་ཚིགས་ལ་གཟིགས་པའི་ཚུལ་རེད། 

འདི་ནི་སྒུལ་འཁོར་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ལིའུ་ཐུང་ཀྲའེ་ཕུག་ལམ་ནས་ཕྱིར་ཐོན་པའི་ཚུལ་རེད།


འདི་ནི་ཚོད་ལྟ་སྒུལ་འཁོར་མའོ་རྫོང་འབབ་ཚིགས་སུ་ཐོན་པའི་ཚུལ་རེད།


འདི་ནི་ཚོད་ལྟ་སྒུལ་འཁོར་ཀྲུན་ཅང་ཀོན་འབབ་ཚིགས་སུ་ཐོན་པའི་ཚུལ་རེེད།


འདི་ནི་ཚོད་ལྟ་སྒུལ་འཁོར་མའོ་རྫོང་འབབ་ཚིགས་སུ་ཐོན་པའི་ཚུལ་རེད།


འདི་ནི་སྒུལ་འཁོར་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལམ་ཐིག་སྟེང་འཁོར་བསྐྱོད་ཚོད་ལྟ་བྱེད་བཞིན་པའི་ཚུལ་རེད།

འདི་ནི་སྒུལ་འཁོར་སི་ཁྲོན་མཚོ་སྔོན་ལྕགས་ལམ་ཀྲུན་ཅང་ཀོན་འབབ་ཚིགས་སུ་ཐོན་པའི་ཚུལ་རེད།


འདི་ནི་སྒུལ་འཁོར་སི་ཁྲོན་མཚོ་སྔོན་ལྕགས་ལམ་ཀྲུན་ཅང་ཀོན་འབབ་ཚིགས་སུ་བུད་པའི་ཚུལ་རེེད།


འདི་ནི་ཚོད་ལྟའི་སྒུལ་འཁོར་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ལིའུ་ཐུང་ཀྲའེ་ཕུག་ལམ་དུ་རྒྱུ་བཞིན་པའི་ཚུལ་རེད།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།