ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་སྐབས་དང་པོ་དེ་ཟླ་དྲུག་པའི་ཟླ་སྨད་དུ་འགྲན་བསྡུར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན།“ཀྲུང་གོ་ཞིང་ལས་དངུལ་ཁང་བུམ་པའི”ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དེ་ཟླ6པའི་ཚེས24ནས་ཚེས26ཉིན་བར་ཟི་ལིང་དུ་འཚོག་རྒྱུ་རེད། ཐེངས་འདིའི་འགྲན་བསྡུར་ནི་ཟི་ལིང་གྲོང་ཁྱེར་གྱིས་སྤེལ་བའི་གཞི་ཁྱོན་ཆེ་ཤོས་དང་རྣམ་གྲངས་ཆ་ཚང་། ཚད་གཞི་མཐོ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་བྱེད་སྒོ་ཞིག་རེད། 

ཤེས་གསལ་ལྟར་ན། འགྲན་བསྡུར་ནང་རྒྱལ་ཁབ་དང་ཞིང་ཆེན་གྱི་འགྲན་བསྡུར་རྣམ་གྲངས་དང་ཁྱད་ལྡན་རྣམ་གྲངས་རིགས་གཉིས་སུ་དབྱེ་ཡོད་པ་དང་། དེའི་ཁྲོད་སྐྱེལ་འདྲེན་དང་ཟོག་འགྲེམས། བཟོ་སྐྲུན་དང་ལས་གཞིའི་ལག་རྩལ། ཆ་འཕྲིན་ལག་རྩལ། སྤྱི་ཚོགས་དང་མི་སྒེར་གྱི་ཞབས་ཞུ། དམངས་ཁྲོད་སྒྱུ་རྩལ། ལག་ཤེས་བཟོ་སྐྲུན། སྐྱེལ་འདྲེན་ལག་རྩལ་བཅས་རིགས་ཆེན་པོ7གྱི་རྣམ་གྲངས36ཚུད་ཡོད། དེའི་ཁྲོད་ཀྲུང་གོའི་ཞིང་ཆེན་གྱི་འགྲན་བསྡུར་རྣམ་གྲངས26དང་། ཁྱད་ལྡན་རྣམ་གྲངས10ཡོད། འཐུས་མི་ཚོགས་པ20དང་བདམས་ཐོན་པ1117གྱིས་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད། །

 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།