ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱིས་ཞིང་ཕྱུགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“2024ལོའི་དཔྱིད་འདེབས་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་སྒུལ་ཤུགས་འཕྲུལ་ཆས2677དང་འཕྲུལ་ཆས་ཆ་ཚང་ཅན3462རྨོ་འདེབས་ཐད་བཀོལ་བས་ཞིང་ལས་འཕྲུལ་ཆས་ཀྱི་སྒུལ་ཤུགས་བསྡོམས་འབོར་ཆན་ཝ་ཁྲི44.07ལ་ཟིན་ཡོད”། ཟླ6པའི་ཚེས7ཉིན། མཚོ་ནུབ་སོག་རིགས་བོད་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ཡི་ལས་དོན་པ་ཨན་ཕེ་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། རོང་འབྲོག་པའི་དཔྱིད་འདེབས་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་བའི་དགོས་མཁོ་སྐོང་ཆེད། མཚོ་ནུབ་ཁུལ་གྱིས་རོང་འབྲོག་པའི་རེས་སྐོར་གསར་པའི་ཞིང་འབྲོག་ཉོ་སྒྲུབ་ཁ་གསབ་ལས་དོན་ཧུར་ཐག་གིས་ལག་བསྟར་བྱས་པ་མ་ཟད།  སྲིད་ཇུས་ཀྱི་ཁ་གསལ་ཚད་ཧུར་ཐག་གིས་མཐོ་རུ་བཏང་ནས“ཁ་གསབ་གང་ཐུབ་བྱེད་པར”འགན་སྲུང་བྱས་ཏེ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་དང་ས་གནས་རིམ་པ་སོ་སོའི་གྲོང་གསེབ་ལས་དོན་ཚོགས་འདུའི་འབོད་སྐུལ་ལ་ཧུར་ཐག་གིས་དང་ལེན་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སོགས་ཞིང་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་། སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་སྤྱི་འབོར་བརྟན་པོའི་ངང་འཕར་བ་དང་སྒྲིག་ཆས་གྲུབ་ཆ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན། 2023ལོར་མཚོ་ནུབ་ཁུལ་གྱིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི481.645ལག་བསྟར་བྱས་ནས་ཞིང་ལས་འཕྲུལ་ཆས་སྣ་ཚོགས480དང་ཞིང་བའི་ཁྱིམ་ཚང345ལ་ཕན་པ་ཐོབ། 

ད་ལོར་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བའི་སྐུལ་འདེད་འོག་མཚོ་ནུབ་ཁུལ་གྱིས་ཞིང་ལས་འཕྲུལ་ཆས་ཅན་དུ་སྒྱུར་བའི་ཆུ་ཚད་མགྱོགས་མྱུར་ངང་མཐོར་འདེགས་བྱུང་།  མིག་སྔའི་བར་ཁུལ་ཡོངས་ཀྱི་དེབ་ངོར་བཀོད་པའི་འདྲུད་འཐེན་འཁོར་ལོ19883དང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར286། ཞིང་ལས་འཕྲུལ་ཆས་ཆ་ཚང་ཅན23406བཅས་ཡོད། ། 

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།