ཀྲུང་གོ་བོད་ཀྱི་དྲ་བ།

“ཏང་གི་དར་ཆ་བགྲོད་ལམ་གསར་བར་འཕྲོས། ལས་ཡུལ་དང་པོར་བྱ་བ་དངོས་སྒྲུབ་བྱེད”ཅེས་པའི་དྲ་རྒྱའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་དེ་རིང་ནས་བཟུང་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་བཅས་ཀྱིས་རྩ་འཛུགས་བྱས་ནས་སྤེལ་བའི“““ཏང་གི་དར་ཆ་བགྲོད་ལམ་གསར་བར་འཕྲོས། ལས་ཡུལ་དང་པོར་བྱ་བ་དངོས་སྒྲུབ་བྱེད”ཅེས་པའི་དྲ་རྒྱའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས།

བྱེད་སྒོ་དེས་སྨྱན་སྦྱོར་གསར་བའི་གནས་ཚུལ་སྤེལ་བའི་རྣམ་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚུན་གྱི་རང་ཞིང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱ་རྒྱུ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་འི་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས། གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་དེ་ཟླ6པའི་ཟླ་སྟོད་ནས་ཟླ12པའི་ཟླ་སྟོད་བར་དུ་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་སྨྱན་སྦྱོར་དང་། ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོ་རྩ་འཛུགས་བྱས་ནས། མཚོ་སྔོན་ས་གནས་སོ་སོའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དུ་བསྐྱོད་དེ། གཞི་རིམ་ཏང་ཀྲི་པུའུ་གཙོ་བོར་བྱས་ནས་ཡི་གེ་དང་པར་རིས། བརྙན་ཐུང་སོགས་ཀྱི་རྣམ་པ་སྤྱད་དེ་ཕྱོགས་ཡོངས་དང་ཟུར་ཚད་མང་བ། དུས་མཚམས་དབྱེ་ནས་དྲིལ་བསྒྲགས་དང་གནས་འཕྲིན་སྤེལ་བ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་ཁྱབ་གདལ་དང་བསྐྱར་དཔར་བྱེད་ཐུབ་པ་དང་། དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ཕན་ནུས་ལྡན་པ་མ་ཟད། གྲུབ་འབྲས་མངོན་གསལ་ཐོབ་པའི་ཁྱད་ཆོས་ལྡན་པའི་ཁྱད་ཆོས་དང་ཉམས་མྱོང་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་བ་ནན་ཏན་སྒོས་སྒྲུབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་དཔེ་མཚོན་སྐོར་ཞིག་དྲིལ་སྒྲོག་བྱ་རྒྱུ་རེད། དེའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དྲ་ཚིགས་དང་མཚོ་སྔོན་ཉིན་རེའི་ཚགས་པར། “མཚོ་སྔོན་ཏང་འཛུགས”སྟེགས་བུ་སོགས་ནས་ལེ་ཚན་བཀོད་སྒྲིག་བྱས་ཏེ། བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་པ་དང་ཕན་འབྲས་ལྡན་པའི་རྣམ་པ་ཞིག་ཆགས་པར་བརྩོན་ལེན་བྱ་རྒྱུ་རེད། 

ཤེས་གསལ་ལྟར་ན། དྲ་རྒྱའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་བསྟུད་མར་ལོ་བཞི་ལ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ལོ་གཅིག་ལ་བརྗོད་དོན་རེ་དང་ལོ་གཅིག་ལ་ཁྱད་ཆོས་རེ”རྒྱུན་འཁྱོངས་བྱས་ཏེ། སྨྱན་སྦྱོར་གཙོ་བའི་སྟོབས་ཤུགས་ལ་བརྟེན་ནས་རང་ཞིང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱ་རྒྱུ་ཡིན་ཞིང་ ད་ལོའི་དྲ་རྒྱའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་ནི“དོན་དངོས་སྒྲུབ་པ”དང་དམ་པོར་ཟུང་འབྲེལ་བྱས་ཏེ། གཞི་རིམ་འཐབ་ཕྱོགས་དང་པོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་ནན་མོ་ཡིན་དགོས་པའི”བླང་བྱ་ལག་ལེན་གཏིང་ཟབ་བྱེད་པའི་བྱ་འགུལ་དངོས་ལ་དམིགས་ཏེ། སྔོན་ཐོན་གྱི་ཕྱོགས་སྟོན་མངོན་གསལ་ཞིག་བཙུགས་ནས་བྱ་བ་སྒྲུབ་པའི་ཡིད་ཆེས་རྒྱུན་ཆད་མེད་པར་སྐུལ་འདེེད་བྱེད་པ་དང་། བྱ་བ་སྒྲུབ་པའི་རྣམ་པ་བསྐྲུན་ནས་བྱ་བ་སྒྲུབ་པའི་ཚ་རླབས་ཤིག་རྒྱས་སུ་འཇུག་པར་སྐུལ་འདེད་བྱ་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།