ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ཁྲིམས་འཛུགས་ལ་རྟོག་ཞིབ་གཏིང་ཟབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོགས་ཆུང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ཏེ།《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག》གི་ཁྲིམས་འཛུགས་རྟོག་ཞིབ་བྱས།

རྟོག་ཞིབ་ཚོགས་ཆུང་འཁོར་དང་བཅས་པ་ཞོན་ཧྭ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་གྲོང་ཁྱེར་དོ་དམ་བཀོད་འདོམས་ལྟེ་གནས། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་སུ་སོང་ནས་ཡུལ་དངོས་སུ་ལྟ་ཞིབ་བྱེད་པ་དང་། གྱོད་གཞིའི་ཡིག་ཚགས་ལྟ་ཞིབ་བྱེད་པ། ཡུལ་དངོས་སུ་འདྲི་རྩད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲེལ་ཡོད་སྡེ་ཁག་སོ་སོའི་སྲིད་འཛིན་ཁྲིམས་བསྟར་དང་། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ། སྲིད་འཛིན་ཁྲིམས་བསྟར་ཕྱོགས་བསྡུས་དོ་དམ་ལྟ་སྐུལ་ཆ་འཕྲིན་མ་ལག་བེད་སྤྱོད་སོགས་ཀྱི་གནས་ཚུལ་ནན་ཏན་སྒོས་རྒྱུས་ལོན་བྱས།

རྟོག་ཞིབ་ཚོགས་ཆུང་གིས་ཞིན་ཧྭ་རྫོང་གི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་སོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་དོན་བཅས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་བསྣན་པ་ནི་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འགག་རྩའི་གོ་རིམ་ཤིག་ཡིན་པས། ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་བསྟར་ཕན་ནུས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྱོང་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པར་ནན་གྱིས་བསྟན།

རྟོག་ཞིབ་ཚོགས་ཆུང་གིས་སྲིད་གཞུང་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྒྲིག་གཞི་དང་ཁྲིམས་བསྟར་སྡེ་ཁག་གཙོ་བོ་སོ་སོས་སྲིད་འཛིན་ཁྲིམས་བསྟར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། བཅའ་ཁྲིམས་ཤེས་བྱ་དང་ཆེད་ལས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་སྟེ། སྲིད་འཛིན་ཁྲིམས་བསྟར་མི་སྣའི་ཆེད་ལས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན། ཁྲིམས་བསྟར་ལྟ་སྐུལ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྲིམས་བསྟར་ལྟ་སྐུལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་གྱི་ཕན་ནུས་ཆེ་རུ་གཏོང་དགོས་ལ། བརྟག་ཞིབ་ཚོགས་ཆུང་གི་ཁོངས་མིས་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་དོན་ཁྲོད་གནས་པའི་གནད་དོན་གསེད་བཀྲོལ་དང་ཕྱོགས་བསྡོམས། ཞིབ་འཇུག་བཅས་ནན་ཏན་སྒོས་སྤེལ་ནས། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱེད་སྟངས་བཟང་པོ་བསྡུ་ལེན་གང་ལེགས་བྱས་ཐོག ཁྲིམས་འཛུགས་བརྒྱུད་རིམ་ནང་དེ་ཉིད་ཕན་འབྲས་ལྡན་པའི་བྱ་ཐབས་ལ་བསྒྱུར་ཏེ་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།  ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།