ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཨན་རྫོང་གིས་ལྔ་བའི་བ་གཞིའི་སྲོལ་རྒྱུན་མདའ་འཕེན་རིག་གནས་སྒྱུ་རྩལ་སྤེལ་རེས་ཚོགས་འདུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། ཕིན་ཨན་གནའ་གྲོང་སྐབས་བདུན་པའི་ལྔ་བའི་བ་གཞིའི་སྲོལ་རྒྱུན་མདའ་འཕེན་རིག་གནས་སྒྱུ་རྩལ་སྤེལ་རེས་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་གནའ་གྲོང་ཧུའེ་རིགས་ཤང་ཕེ་ལོའུ་ཀོའུ་གྲོང་ཚོར་འཚོགས་པ་དང་། ཞིང་ཆེན་ནང་ཁུལ་གྱི་འཐུས་མི་རུ་ཁག50ལྷག་གི་མི600ལྷག་འགྲན་བསྡུར་ནང་ཞུགས། 

བྱེད་སྒོ་སྤེལ་ཡུལ་དུ་མདའ་འཕེན600ལྷག་གིས་མི་རིགས་ཀྱི་གྱོན་ཆས་དང་ལུས་རྩལ་གྱོན་ཆས་གྱོན་ནས་ཚོགས་པ་དང་མི་སྒེར་གྱི་ལྕགས་གཞུ་དང་རྭ་གཞུ། བུད་མེད་དེང་རབས་སྲོལ་རྒྱུན་གྱི་ཚོགས་པ་དང་མི་སྒེར་གྱི་གཞུ་བཅས་རྣམ་གྲངས་དྲུག་བཀར་ནས་འགྲན་བསྡུར་བྱས། 

ཤེས་གསལ་ལྟར་ན། ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན་གཉིས་ཡིན་པ་དང་། མདའ་འཕེན་རིག་གནས་གདན་ཞུའི་འགྲན་བསྡུར་དང་། ཁྱད་ལྡན་རིག་རྩལ་མཉམ་འདྲེན། ཞིང་ལས་ཚོང་དོན་ཐོན་རྫས་སྤེལ་རེས་ཚོགས་འདུ། གློག་སྒྲོན་འགྲེམས་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་ས་གནས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྲོལ་དང་དམངས་སྲོལ། རྨ་ཙོང་རིག་གནས་བཅས་མངོན་པར་བྱས་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་། །






 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།