ཀྲུང་གོ་བོད་ཀྱི་དྲ་བ།

2024ལོ་ནས2025ལོའི་བར་གྱི་འཁྱགས་དེམ་རྣམ་གྲངས་སྦྱོང་བརྡར་སྒར་ས་དེ་རིང་ནས་བཟུང་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན་ནི་ལྔ་པའི་བ་གཞིའི་དུས་ཆེན་གྱི་གུང་གསེང་ཡིན་མོད། འོན་ཀྱང་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ལས་དོན་མི་སྣ་སྔ་མོ་ནས་བྲེལ་འཚུབ་ངང2024ལོ་ནས2025ལོའི་བར་གྱི་འགྲན་དུས་ཀྱི་འཁྱགས་དེམ་རྣམ་གྲངས་སྦྱོང་བརྡར་སྒར་ས་མགོ་ཚུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འདི་ནི་རྒྱལ་ཁབ་རུ་ཁག་གིས་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པའི་གལ་ཆེའི་འདེམས་སྒྲུག་འགྲན་བསྡུར་ཞིག་ཡིན་པས། ཞབས་ཞུ་འགན་ལེན་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་དང་ཚད་གཞི་དེ་བས་མཐོ་བ་བཏོན་ཡོད།

2024ལོ་ནས2025ལོའི་བར་གྱི་འགྲན་དུས་ཀྱི་འཁྱགས་དེམ་རྣམ་གྲངས་སྦྱོང་བརྡར་སྒར་ས་ཟླ6པའི་ཚེས11ཉིན་ནས་ཟླ7པའི་ཚེས1ཉིན་བར་འཚོག་རྒྱུ་དང་དུས་ཡུན་ཉིན19ཡིན་ལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོ་ནས་ཐོན་པའི་ལུས་རྩལ་པ101ཐེངས་འདིའི་སྦྱོང་བརྡར་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་རྒྱལ་ཁབ་རུ་ཁག་གིས་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་། འགྲན་བསྡུར་གྱི་སྒྲིག་སྲོལ་ལྟར་འདེམས་བསྐོ་འགྲན་བསྡུར་བརྒྱུད་མཉམ་ཟུང་རྣམ་གྲངས་ཀྱི་མདུན་གྲལ་གྱི་དཔུང་ཁག་གཉིས་ཀྱི་ལུས་རྩལ་པ་རྒྱལ་ཁབ་ཀྱི་འཁྱགས་དེམ་མཉམ་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས་པ་དང་། སྐྱེས་པའི་འཁྱགས་དེམ་དང་བུད་མེད་ཀྱི་འཁྱགས་དེམ་འདེམས་སྒྲུག་འགྲན་བསྡུར་གྱི་གྲུབ་འབྲས་སྔོན་གྲས་རུ་ཁག་གཉིས་ཀྱི་ལུས་རྩལ་པ་དེ་འཁྱགས་དེམ་རྒྱལ་ཁབ་ཀྱི་མཉམ་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས།

འགྲན་བསྡུར་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་བར་འགན་ལེན་བྱ་ཆེད། མདོ་བ་རྟེན་གཞི་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་འགྲན་བསྡུར་སྐབས་ཀྱི་ཟ་མ་དང་འདུག་སོགས་བཀོད་སྒྲིག་བྱེད་པ་དང་། བདེ་སྲུང་དང་སྨན་བཅོས། འགྲན་ར་བཀོད་སྒྲིག དངོས་ཟོག་བཀོད་སྒྲིག་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་འབྲེལ་མཐུད་བྱས། མདོ་བ་རྟེན་གཞིས་ཞིབ་ཕྲའི་ལས་དོན་སོ་སོར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྡེ་ཁག་སོ་སོས་འབྲེལ་ཡོད་ཞབས་ཞུའི་འགན་ལེན་ཇུས་གཞི་ལྟར། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ་དང་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། ལས་གནས་ཀྱི་འགན་འཁྲི་ལ་གཞི་ཚུགས་ནས་ལས་དོན་སོ་སོ་གཏིང་ཟབ་པ་དང་། ཞིབ་མོ་ཡིན་པ། ནན་ཏན་ཡིན་པ་བཅས་བྱས་ཏེ། ལས་དོན་སོ་སོར་ནོར་འཁྲུལ་གང་ཡང་མེད་པར་འགན་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་ཞབས་ཞུའི་འགན་ལེན་མངོན་འགྱུར་ཡོང་བ་བྱེད་དགོས་པར་ནན་གྱིས་བསྟན། མདོ་བ་རྟེན་གཞིས་སྔ་མོ་ནས་བྱ་བ་སྣ་ཚོགས་འགོ་བཙུགས་ཏེ་དང་སྔ་མོ་ནས་གྲ་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཞབས་ཞུའི་འགན་ལེན་ཇུས་གཞི་ཞིབ་ཕྲ་དང་འཐུས་ཚང་བཟོས་ཏེ་དངོས་ཟོག་བཀོད་སྒྲིག་དང་། མི་སྣ་བཀོད་སྒྲིག མེ་ཟོན་བདེ་འཇགས་སོགས་ཕྱོགས་གང་ཅིའི་ཐད་ནས་སྔོན་ལ་འཆར་འགོད་བྱས་ནས་མིག་སྔར་དུས་འགོའི་ཞབས་ཞུའི་འགན་ལེན་ལས་དོན་སོ་སོ་དངོས་འབེབས་བྱས།  ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།