ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་སྙན་ཞུ(2023)》ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན།  མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་བཅོས་སྒྱུར་དང་གྲུབ་འབྲས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གསུམ་པའི་སྡེ་ཁག་ལ་བཀའ་མངག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ18དང་གླིང་ཁུལ4། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)4ཡི་ཚོང་གཉེར་ཁོར་ཡུག་ལ་ཕྱོགས་ཡོངས་ནས་གདེང་འཇོག་བྱས་པ་མ་ཟད《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་སྙན་ཞུ(2023)རྩོམ་སྒྲིག་བྱས་ཏེ་ཁྱབ་བསྒྲགས་བྱས།(གཤམ་ནས《གདེང་འཇོག་སྙན་ཞུ》ཞེས་བསྡུ་རྒྱུ་ཡིན)

      《གདེང་འཇོག་སྙན་ཞུ》ལས་མངོན་པ་ལྟར་ན།  2023ལོར་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་བྱེད་སྟངས་སྟབས་བདེ་ཚད86.84ཟིན་པ་དེ2022ལོ་ལས2.64%འཕར་བ་དང་།  ཚོང་གཉེར་ཁོར་ཡུག་སྤྱིའི་ཆ་ནས་ལོ་རེ་བཞིན་ཇེ་མཐོར་སོང་ནས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་འདུག་ལ།  དམིགས་ཚད་སོ་སོ་སྟབས་བདེ་དང་གཏན་འཇགས་ངང་ཇེ་མཐོར་འགྲོ་བཞིན་ཡོད་པས་ཆུ་བེད་སྤྱོད་དང་། ཁྲལ་བསྡུ། སྲིད་གཞུང་གི་ཉོ་སྒྲུབ་བཅས་ཀྱི་དམིགས་ཚད་ཇེ་མཐོར་གྱུར་པ་དང་།  གློག་ཤུགས་དང་། ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ། སྲིད་དོན་ཞབས་ཞུའི་དམིགས་ཚད་ཙུང་ཙམ་ཇེ་མཐོར་སོང་ཡོད།  ཡིད་རྟོན་དངུལ་བུན་དང་མ་རྩ་བརྡིབས་པའི་ལས་གཉེར།  མ་རྩ་འཇོག་མཁན་ཆུང་འབྲིང་གི་སྲུང་སྐྱོང་བཅས་ཀྱི་དམིགས་ཚད་སྔར་བཞིན་མཐོ་རུ་ཕྱིན་ཡོད། ཁེ་ལས་གཉེར་ཡུན་ལས་ཀའི་ཉིན་གཉིས་བར་ཇེ་ཐུང་དུ་བཏང་།   འཛུགས་སྐྲུན་ཆོག་འཐུས་གཉེར་བར་སྤྱོད་པའི་དུས་ཚོད་ལས་ཀའི་ཉིན69.13བར་ཇེ་ཐུང་དུ་བཏང་ཡོད།  ཞིང་ཆེན་ཡོངས་ལ་ཆུ་དང་གློག རླངས་བཅས་སྒྲིག་བཟོ་བྱེད་པར“འགྲོ་གྲོན་མེད་པའི”རྣམ་པ་མངོན་འགྱུར་བྱུང་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།