ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། ཚོགས་ཐོག་ནས་རྒྱལ་ཡོངས་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གི་འགན་ཁུར་པ་གཙོ་བོའི་ཚོགས་འདུའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་སྒྲོག་བྱས། 2023ལོའི་ལས་དོན་ལ་སྤྱི་སྡོམ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས།

ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་གི་ལོ་རྒྱུས་ལས་དོན་ལ་སྣེ་ཁྲིད་པ་དང་། རྒྱལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གིས་འགན་ཁུར་པ་གཙོ་བོའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་ལག་ཏུ་བསྟར་བ། བློ་དཀར་དང་བདེན་སྲུང་། ཚན་རིག གཟབ་ཞིབ་བཅས་ཀྱི་ཏང་གི་ལོ་རྒྱུས་མི་སྣའི་རང་མདངས་དང་ལེན་བྱེད་པ། 《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྲོལ་ཡིག》ལག་བསྟར་བྱེད་པའི་གོ་སྐབས་བཟང་པོ་བརྩོན་ལེན་བྱེད་པ། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་དོན་འཆར་འགོད(2023ལོ་ནས2027ལོ)》དངོས་འབེབས་ལེགས་པོ་བྱེད་པ། ཏང་གི་ལོ་རྒྱུས་མི་སྣས་མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་བའི་འགན་འཁྲི་ཁག་ཁུར་ངོམས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་འབད་པས་བརྩོམ་པར་ཏང་གི་ལོ་རྒྱུས་ཀྱི་ཤེས་རབ་སྐྱེས་སུ་དབུལ་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ནས། 《སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་ལེགས་པོ་བྱེད་པ་དང་། ཏང་གི་ལོ་རྒྱུས་ལས་དོན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། རིམ་པ་སོ་སོའི་ཏང་ཨུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བྱེད་པོའི་འགན་འཁྲི་ཕྲག་ཏུ་ལེན་པ། སྡུད་ལེན་གསུམ་དང་དཔྱད་འཇོག་གཅིག་གི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། ཏང་གི་ལོ་རྒྱུས་ལས་དོན་ལས་རིམ་གལ་ཆེན་ཐོག་འཇོག་པ། ལོ་གཅིག་ལ་ཏང་གི་ལོ་རྒྱུས་ལས་དོན་སྙན་ཞུ་ཐེངས་གཅིག་ལ་མཉན་ནས། དངོས་ཡོད་གནད་དོན་ངེས་པ་དོན་གྱིས་ཐག་གཅད་དགོས་པར་ནན་གྱིས་བསྟན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིན་གྱི་འབྲེལ་ཡོད་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན། ས་གནས་སོ་སོའི་ཏང་གི་ལོ་རྒྱུས་ལས་དོན་ལས་བགོའི་མགོ་ཁྲིད། ཏང་གི་ལོ་རྒྱུས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་ཞིང་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ལས་འཛིན་སོགས་ཚོགས་འདུར་ཞུགས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།